rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།


 

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

2013ལོའི་ཟླ་5བར་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གླིང་གི་འཛུགས་བསྐྲུན་ལས་གཞིའི་འགོ་བརྩམས་ཤིང་། 2013ལོའི་ཟླ་6་པར་ལས་ཁུངས་ཀྱི་སྒྲིག་གཞི་དངོས་སུ་བཙུགས། ལོའི་དེའི་ཟླ་9བ་ནས་བཟུང་ཟབ་སྦྱོང་གི་ལས་ཀ་དངོས་སུ་སྤེལ་བ་དང་། ལས་ཁུངས་འདི་ནི་ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་རྒྱལ་ཁབ་རིམ་པ་Aབཞི་ཅན་གྱི་མཛེས་ལྗོངས་སྟེ་ལྷ་དགའ་རི་བོའི་ཉེ་འདབས། འབྲུག་ཆུ་གཙང་བོའི་འགྲམ་ངོགས་སུ་བརྗིད་ཀྱིས་ཆགས་ཤིང་། ཡུལ་འདིའི་ཕྱི་སྣོད་ཀྱི་ཁོར་ཡུག་མཛེས་ཤིང་གནམ་གཤིས་སྙོམས། མཚོ་སྔོན་དང་ཉིན་ཞྭ། ཤིན་ཅང་། བོད་ལྗོངས། སི་ཁྲོན། ཧྲན་ཞི། ནང་སོག་བཅས་གྲངས་ཉུང་མི་རིགས་ས་ཁུལ་དང་སྦྲེལ་ཡོད་པས། ཉེ་འཁོར་དུ་དམར་དམག་རྒྱང་བསྐྱོད་སྐབས་ཀྱི་ཟུང་འཕན་གཡུལ་འགྱེད་ཀྱི་རྗེས་ཤུལ་དང་། མཛོད་དགེ་རྩ་ཐང་། ལ་གཟར་འགག ཚུར་ནང་གི་མའོ་ཀྲུའུ་ཞིའི་སྡོད་ཁང་། དགུ་བརྒྱ་གྲོས་ཚོགས་ཀྱི་རྗེས་ཤུལ། ཁ་བཏགས་འབུལ་སོགས་དམར་པོ་སློབ་གསོའི་རྗེས་ཤུལ་འགངས་ཆེན་མང་བོ་བྱིན་གྱིས་ཆགས་ཡོད་པས་སྔོན་བྱོན་གསར་བརྗེའི་བྱ་བཞག་ལ་ཡུལ་དངོས་སློབ་གསོ་གཏོང་སའི་གནས་གལ་ཆེན་ཞིག་ཀྱང་ཡིན་ནོ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

སློབ་གླིང་འདིའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་15000ཡོད་ཅིང་། བཟོ་བཀོད་ཀྱི་ཆ་ནས་སྲོལ་རྒྱུན་དང་དེང་རབས་གཅིག་འདྲེས་ཀྱི་དེང་རབས་བོད་ལུགས་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་པར་ཐོན་པ་དང་། དེར་ཟབ་སྦྱོང་ཁུལ་དང་། ཟ་ཁང་། སྡོད་ཁང་། སྣ་འཛོམས་གཞུང་བསྒྲུབ་ཁུལ་བཅས་ཁག་ལྔ་མཆིས། བྱེ་བྲག་ཏུ་སྨྱན་མང་གློག་རྡུལ་སློབ་ཁང་དང་། ལད་ཟློས་ཁྲིམས་ར། བྱེད་ལས་སྣ་མང་ཁང་། གྲོས་ཚོགས་ཁང་། དཔེ་མཛོད་ཁང་སོགས་ཡོད་ལ། དུས་གཅིག་ཏུ་མི་སྣ་སུམ་བརྒྱ་ཡས་མས་ཀྱི་ཟབ་སྦྱོང་གི་འཚོ་བ་བཀོད་སྒྲིག་བྱེད་ཐུབ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

སློབ་གླིང་འདིས་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་སྲིད་ཁྲིམས་སྡེ་ཁག་གི་ཟབ་སྦྱོང་བྱ་བ་གཙོར་བཟུང་སྟེ་རྒྱལ་ཡོངས་མི་དམངས་ཁྲིམས་ཁང་གི་ཟབ་སྦྱོང་དང་ཞིང་ཆེན་ནང་ཁུལ་གྱི་མི་རིགས་ས་ཁུལ་སྲིད་ཁྲིམས་མི་སྣའི་ཟབ་སྦྱོང་། བོད་རྒྱ་སྐད་གཉིས་ཁྲིམས་འཛིན་ནུས་བ་སྐྱེད་སྲིང་གི་ཟབ་སྦྱོང་སོགས་སྤེལ་བཞིན་ཡོད། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭ། ཞིབ་དཔྱོད་ཁང་། སྤྱི་བདེ་ཐིང་། ཁྲིམས་འཛིན་ཐིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ལས་ཁུངས་དུ་མས་སློབ་གླིང་དུ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི། ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་མི་སྣའི་ཟབ་སྦྱོང་གནས་གཞི། ཀྲུང་གུང་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འགོ་ཁྲིད་མི་སྣར་ཁྲིམས་སྐྱོང་སློབ་གསོ་སྤེལ་བའི་ཟབ་སྦྱོང་གནས་གཞི། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཞིབ་དཔྱོད་དཔོན་ཟབ་སྦྱོང་གནས་གཞི། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཉེན་རྟོག་པའི་ཟབ་སྦྱོང་གནས་གཞི། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་གནས་གཞི། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་དཔོན་ཟབ་སྦྱོང་སློབ་གླིང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གསོ་ལག་ལེན་གནས་གཞི་བཅས་གནས་གཞི་དགུ་བཙུགས་ཡོད། སློབ་གླིང་ནང་ཁུལ་དུ་གཞུང་བསྒྲུབ་ཁང་དང་། མི་དོན་ཁྲུའུ། སློབ་སྟོན་ཁྲུའུ། སྤྱི་གཉེར་ཁྲུའུ། སློབ་དཔྱོད་ཁང་། གྲངས་ཉུང་མི་རིགས་ཁྲིམས་ལུགས་ཞིབ་འཇུག་ཁང་སོགས་སྡེ་ཁག་6ཡོད།

 

                                            ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

ཟབ་སྦྱོང་དགེ་རྒན་དཔུང་སྡེ་སྡེབ་སྒྲིག་གི་ཐད་ནས་གཙོ་བོ་ཆེད་ཞོར་ཟུང་འབྲེལ་དང་། ཞོར་ཁྲིད་གཙོར་འཛིན་གྱི་རྩ་དོན་ལྟར་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གླིང་ནང་ཁུལ་དུ་འབུམ་རམས་པ་གཅིག་དང་། འདྲི་གཅོད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་སྐད་གཉིས་ཁྲིམས་དཔོན་གཅིག སྐད་གཉིས་རམས་འབྱམས་པ་གཉིས། བོད་སྐད་ཡིག་གི་དངོས་གཞི་མཐར་ཕྱིན་མི་སྣ་བཞི་བཅས་ཀྱི་རྨང་གཞིའི་སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་། ཀན་སུའུ་དགེ་ཐོན་སློབ་གླིང་། གཞན་ཡང་ཞིང་ཆེན་ཕྱི་ནང་གི་ཁྲིམས་དཔོན་སྒམ་པོ་དང་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཆེད་མཁས་གདན་འདྲེན་ཞུས་ཏེ་སློབ་ཁྲིད་ཀྱི་འགན་ལྷུར་ལེན་བྱེད་བཞིན་ཡོད་དོ།།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

2013ལོའོ་ཟླ་9བ་ནས་བཟུང་ཟབ་སྦྱོང་འཛིན་གྲྭ་49བསྒྲུབས་ཤིང་མི་དམངས་ཁྲིམས་ཁང་དང་སྲིད་ཁྲིམས་སྡེ་ཁག་གི་མི་སྣ་5000ལྷག་ཟབ་སྦྱོང་བྱས། དེའི་ནང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གིས་བཀོད་སྒྲིག་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་འཛིན་གྲྭ་13དང་། གྲངས་ཉུང་མི་རིགས་ས་ཁུལ་ཁྲིམས་དཔོན་གྱི་བཞུགས་མོལ་ཚོགས་འདུ། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིའི་བྱ་བའི་སྙན་ཞུ་ཚོགས་འདུ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་མི་སྣའི་སྐད་གཉིས་ཟབ་སྦྱོང་བྱ་བའི་བཞུགས་མོལ་ཚོགས་འདུ་ལ་སོགས་ཀྱི་གལ་ཆེའི་ཚོགས་འདུ་སྐོར་ཅིག་བསྡུས་ཤིང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲུའུ་ཆང་དང་། དེ་གའི་ཆབ་སྲིད་པུའུ་ཀྲུའུ་རིན་ཞུའུ་ཅཱ་ཞིན་གཉིས་སྔ་ཕྱིར་སློབ་གླིང་དུ་དངོས་སུ་ཕེབས་ཏེ་བྱ་བར་འཛུབ་སྟོན་དང་གྲུབ་འབྲས་ལ་བསྔགས་བརྗོད་མཛད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

 བསླབ་དེབ་སྒྲིག་རྩོམ་གྱི་ཐད་ནས་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཐུགས་ཁུར་འོག་སློབ་གླིང་དང་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་ཁག་ཏུ་ཕྱག་ལས་གནང་བཞིན་པའི་བོད་རྒྱ་སྐད་གཉིས་ཆེད་མཁས་དང་ཤེས་ཡོན་པ་མང་པོར་མཉམ་འབྲེལ་བྱས་ཏེ་ལོ་གཅིག་གི་དུས་ཡུན་ནང་དུ་<<རྩ་ཁྲིམས་བསླབ་དེབ་>>སོགས་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཕྲེང་བསྟར་མ་པོད་10་སྒྲིག་རྩོམ་བྱས་པ་མ་ཟད། 2015ལོའི་ཟླ་3པའི་ཚེས་15ཉིན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བསླབ་དེབ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚོགས

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

 

    རིག་ཚན་ཞིབ་འཇུག་གི་ཐད་ནས་མི་རིགས་སྲོལ་རྒྱུན་ཁྲིམས་ལུགས་རིག་གནས་ཁྲོད་ཀྱི་ཡར་སྐུལ་གྱི་ནུས་པ་དང་དེང་རབས་ཀྱི་རིན་ཐང་བསྔོག་འདོན་བྱེད་པ། མི་རིགས་ཁྲིམས་ལུགས་ཞིབ་འཇུག་བྱས་ཏེ་ཁྲིམས་ལུགས་རིག་པའི་འཕེལ་རིམ་འཚོལ་སྙེག་བྱེད་པ། དེང་རབས་མི་རིགས་ཁྲིམས་སྐྱོང་ལག་ལེན་ནང་འཕྲད་པའི་འབུར་ཐོན་གྱི་གནད་དོན་སྐོར་ལ་བཅའ་ཁྲིམས་ཀྱིས་ཐག་གཅོད་བྱེད་ཐབས་ཞིབ་འཇུག་བྱེད་པ་དང་། གཞན་ད་དུང་སྲོལ་རྒྱུན་གྱི་མི་རིགས་ཁྲིམས་ལུགས་རིག་གནས་དེང་རབས་ཅན་དུ་འགྱུར་བའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་སོགས་ལ་གཟབ་ནན་གྱིས་ཞིབ་འཇུག་བྱེད་པའི་ཕྱིར་དུ་<<གྲངས་ཉུང་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག>>ཅེས་པའི་རིག་གཞུང་ཞིབ་འཇུག་དུས་དེབ་ཅིག་ཀྱང་བསྒྲུབ་བཞིན་ཡོད།

 

    སྐད་གཉིས་ཁྲིམས་ལུགས་མི་སྣ་གསོ་སྐྱོང་ལ་ཤུགས་བསྣན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ལས་དོན་ལ་འགན་སྲུང་བྱེད་པའི་རྩ་དོན་ལྟར། བརྩོན་པ་ཆེར་བསྐྱེད་ཀྱིས་སློབ་གླིང་འདི་གྲངས་ཉུང་མི་རིགས་ཁྲིམས་ལུགས་ཤེས་ལྡན་མི་སྣ་བསྐྱེད་སྲིང་བྱེད་སའི་གནས་གཞི་དང་། གྲངས་ཉུང་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་བྱེད་སའི་གནས་གཞི། གྲངས་ཉུང་མི་རིགས་ཁྲིམས་ལུགས་རིག་གནས་འབྲེལ་འདྲིས་བྱེད་སའི་གནས་གཞི་བཅས་སུ་འཛུགས་བསྐྲུན་བྱེད་རྒྱུ་ཡིན།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

    སློབ་གླིང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བླང་བྱ་ལྟར་ཁྲིམས་དཔོན་དཔུང་སྡེ་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་དུ་གསོ་སྐྱོང་བྱེད་རྒྱུ་དམིགས་འབེན་ལ་བཟུང་ནས་གོམ་གང་མདུན་སྤོས་སྒོས་སྐད་གཉིས་འདྲི་གཅོད་མི་སྣ་གསོ་སྐྱོང་བྱ་བར་ཤུགས་བརྒྱབ་སྟེ་མི་རིགས་ས་ཁུལ་གྱི་ད་ཡོད་ཁྲིམས་དཔོན་དང་རམ་འདེགས་མི་སྣར་ཆེད་དུ་མི་རིགས་ཀྱི་སྐད་དང་ཡི་གེ་ཐད་ཀྱི་སྐད་གཉིས་ཟབ་སྦྱོང་གཙུགས་འཛིན་དང་། རབས་དང་རིམ་པ་མི་འདྲ་བའི་ཟབ་སྦྱོང་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་ཟབ་སྦྱོང་བྱེད་སྟངས་གསར་བ་འཚོལ་བ། ཟབ་སྦྱོང་ནང་དོན་འཐུས་ཚང་དུ་གཏོང་བ། ཟབ་སྦྱོང་རྒྱུ་སྤུས་མཐོར་འདེགས་གཏོང་བ་བཅས་བྱས་ནས་སྐད་གཉིས་ཟབ་སྦྱོང་གི་ཡོངས་ཁྱབ་རང་བཞིན་གྱི་བླང་བྱ་དེ་ས་ཁུལ་མི་འདྲ་བ་དང་རིམ་པ་མི་འདྲ་བ། ལས་གནས་མི་འདྲ་བ་བཅས་ཀྱི་ལས་བྱེད་མི་སྣའི་བྱ་བའི་དགོས་མཁོ་དང་ཟུང་དུ་སྦྲེལ་ཏེ་ཁྲིམས་དཔོན་གྱིས་ཁྲིམས་དཔོན་ལ་སློབ་ཁྲིད་བྱེད་པ་དང་། གྱོད་དཔེ་ཡིས་སློབ་ཁྲིད་བྱེད་པ། ཡུལ་དངོས་ནས་སློབ་ཁྲིད་བྱེད་པ་བཅས་ཀྱི་བྱེད་ཐབས་སྣ་ཚོགས་ཡར་སྐུལ་བྱས་ཏེ་དམིགས་འབེན་གཅིག་དང་། འགྱུར་བ་གཉིས། ཡར་སྐུལ་གསུམ་བཅས་ཀྱི་མི་དམངས་ཁྲིམས་ཁང་གི་ཟབ་སྦྱོང་སློབ་གསོའི་བྱེད་ཕྱོགས་ལྟར་ཟབ་སྦྱོང་གི་ཐབས་ལམ་གསར་བ་འཚོལ་སྙེག་དང་། ཟབ་སྦྱོང་གི་བཀོལ་སྤྱོད་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན། སློབ་གླིང་འདི་མི་རིགས་ས་ཁུལ་དུ་བཙུགས་ནས་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བར་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་གི་ཁྱད་ཆོས་མངོན་པར་ཐོན་ཏུ་འཇུག་དགོས། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གླིང་གིས་མིག་རྒྱང་རིང་མོ་ནུབ་བྱང་ས་ཁུལ་དང་ཡང་ན་དེ་ལས་ཀྱང་རྒྱ་ཆེ་བའི་རྒྱལ་ཡོངས་རང་བཞིན་ཀྱི་སྐད་གཉིས་ཤེས་ལྡན་མི་སྣ་འབྲེལ་འདྲིས་བྱེད་སའི་སྟེགས་བུ་གལ་ཆེ་འདི་འཛུགས་གྲུབ་བྱེད་པའི་སྟེང་དུ་བཞག་ནས་དགེ་རྒན་གྱི་དཔུང་སྡེ་རྒྱ་བསྐྱེད་པ། ཟབ་སྦྱོང་གི་གནས་བབ་ལ་རྒྱུས་ལོན་དང་ཟབ་སྦྱོང་གི་ནུས་ཆོད་མཐོར་འདེགས་བཅས་བྱས་ཏེ། ཕུལ་ཏུ་བྱུང་བའི་སྐད་གཉིས་ཁྲིམས་དཔོན་བསྐྱེད་སྲིང་བྱེད་སའི་རྟེན་གཞི་ཞིག་ཏུ་འཛུགས་སྐྲུན་གང་ལེགས་བྱེད་རྒྱུ་ཡིན། 

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:第一页
རྩོམ་ཅོག་མ།:最后一页

མཉམ་རོལ།: