rss

ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭར་དམག་རྩལ་སྦྱོང་བརྡར་སྤེལ་བ།


ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭར་དམག་རྩལ་སྦྱོང་བརྡར་སྤེལ་བ།

 

    སློབ་གླིང་གི་སློབ་སྦྱོང་བྱ་འགུལ་ཕུན་སུམ་ཇེ་ཚོགས་དང་།ཟབ་སྦྱོང་སློབ་མའི་རང་འགུལ་རང་བཞིན་དང་བརྩོན་སེམས་སྐུལ་སྤེལ། མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་སྐྱེད་ཆེད། ཟླ་༣པའི་ཚེས་༢༡ཉིན་སློབ་གླིང་གི་ཞིབ་ཕྲའི་བཀོད་སྒྲིག་འོག་ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭར་གཟའ་འཁོར་གཅིག་རིང་དམག་རྩལ་སྦྱོང་བརྡར་སྤེལ་བ་ཡིན། 
ཟབ་སྦྱོང་སློབ་མའི་ལོ་ཚོད་དང་ལུས་ཕུང་གི་ཁྱད་ཆོས་ལ་དམིགས་ནས།   དམག་རྩལ་སྦྱོང་བརྡར་དང་རོལ་རྩེད་བྱ་འགུལ་ཟུང་འབྲེལ་ངང་སྤེལ་བ་ཡིན། སྦྱོང་བརྡར་གྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ།ཞོགས་རྩལ་སྦྱོང་བ་ནས་ལུས་རྩལ་སྦྱོང་བརྡར་དང་། མལ་ཁང་གཙང་སྦྲ། གབ་ཚིག་ཁེད་བ། སྐོར་བྲོ་རྩེ་བ། ཐག་འཐེན་པ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་ནས་སློབ་མ་ཕན་ཚུན་བར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་སྟེ། མཐུན་སྒྲིལ་མཉམ་ལས་ཀྱི་འདུ་ཤེས་མཐོར་འདེགས་བཏང་ཞིང་སློབ་མའི་རྩ་འཛུགས་རང་བཞིན་དང་སྒྲིག་ལམ་རང་བཞིན་ལ་ཤུགས་སྣོན་བྱས།  
ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭར་དམག་རྩལ་སྦྱོང་བརྡར་སྤེལ་བ།
 
ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭར་དམག་རྩལ་སྦྱོང་བརྡར་སྤེལ་བ།
སློབ་མའི་མལ་ཁང་གཙང་མ་བཟོ་བ།
 
ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ལས་བྱེད་མི་སྣའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭར་དམག་རྩལ་སྦྱོང་བརྡར་སྤེལ་བ།
དམག་དོན་ཅན་འཛིན་སྐྱོང་བྱེད་པ།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:སློབ་གླིང་རིག་གནས་དོ་ར།
རྩོམ་ཅོག་མ།:最后一页

མཉམ་རོལ།: