rss

རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་འདྲི་གཅོད་བྱ་བའི་གནད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འཚོགས། དུས་ཚོད།


   རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་འདྲི་གཅོད་བྱ་བའི་གནད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འབྲུག་ཆུ་ནས་སྒྲུབ་པ།    

 ༢༠༡ལོའི་ཟླ༧པའི་ཚེས༡ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་འདྲི་གཅོད་བྱ་བའི་གནད་དོན་ཞིབ་འཇུག་བྱེད་པའི་འཛིན་གྲྭ་དེ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་ལྟེ་གནས་ནས་སྒྲུབ་པ་དང་། སི་ཁྲོན་དང་ཡུན་ནན། བོདལྗོངས། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་ལྔ་ནས་ཡོང་བའི་ཆེད་མཁས་དང་ཁྲིམས་དཔོན༧༩ཡིས་རྒྱ་བོད་སྐད་གཉིས་འདྲི་གཅོད་བྱ་བའི་གནད་དོན་ལ་ཞིབ་འཇུག་དང་བསམ་བློ་བརྗེ་རེས་བྱས།     ཐེངས་འདིའི་ཞིབ་འཇུག་འཛིན་གྲྭ་འདི་ནི་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་བྱ་བའི་ཚོད་ལྟ་དང་འཚོལ་ཞིབ་ཐེངས་གཅིག་ཡིན་པས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་ཐོབ། ཟབ་སྦྱོང་གི་སྐབས་སུ་ཆེད་མཁས་དང་ཉམས་མྱོང་ཕུགས་སུམ་ཚོགས་པའི་ཁྲིམས་དཔོན་གྱིས་ཀྲུང་དབྱང་སྲིད་གཞུང་གི་བོད་ལྗོངས་བདག་སྐྱོང་བྱ་བའི་ཉམས་མྱོང་དང་གསར་རྙེད། བོད་རིགས་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་དང་ཆོས་ལུགས་རིག་གནས། དམངས་སྲོལ་རིག་གནས། བོད་ཀྱི་སྐད་ཡིག་དང་ཚིག་རྒྱན། བཅའ་ཁྲིམས་ཡིག་ཆ། ལོ་ཙྰའི་གཞུང་ལུགས་དང་ལག་ལེན། རྒྱ་བོད་བཅའ་ཁྲིམས་ཐ་སྙད་ལོ་ཙྰ་ཚད་ལྡན་ཅན་དུ་སྒྱུར་བ་སོགས་ཕྱོགས་ལྔ་ནས་ཆེད་དོན་འཆད་ཁྲིད་དང་བགྲོ་གླེང་བྱས། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་བོད་བཅའ་ཁྲིམས་ཐ་སྙད་བཀོལ་བ་བཀས་བཅད་ཅན་དང་། རྒྱ་བོད་སྐད་གཉིས་འདྲི་གཅོད་ཁྲོད་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་དཔོན་གྱི་སྐད་གཉིས་འདྲི་གཅོད་ཀྱི་ནུས་པ་མཐོ་རུ་གཏོང་བ། སྐད་གཉིས་ཁྲིམས་དཔོན་གྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།        ཉིན་བཞིའི་ཟབ་སྦྱོང་ཁྲོད་དུ་སློབ་གཉེར་བ་རྣམས་ཀྱིས་གསོ་སྦྱོང་གི་བླང་བྱ་དང་ཉིན་རེའི་ལས་རིམ་གྱི་བཀོད་སྒྲིག་ལྟར་ཟབ་སྦྱོང་གི་ལས་འགན་བདེ་བླག་ངང་ནས་མཇུག་སྒྲིལ་བར་མ་ཟད། ད་དུང་་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་ལྟེ་གནས་ཀྱི་སློབ་གཉེར་བ་རྣམས་རྩ་འཛུགས་བྱས་ནས་ལ་གཟར་འགག་གི་དམར་བོའི་འཐབ་འཛིང་གསར་བརྗེ་སློབ་གསོ་ལྟེ་གནས་དང་འབྲུག་ཆུའི་འདམ་རུད་་དྲན་གསོ་ཁང་དུ་ལྟ་སྐོར་དུ་ཁྲིད། ད་དུང་ཆེད་དོན་གློག་བརྙན་བསྟན་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་བཅས་བྱས་པས། ཐེངས་འདིའི་ཟབ་སྦྱོང་སློབ་གཉེར་བ་རྣམས་ཀྱི་བྱ་བ་ཁྲོད་ཀྱི་དཀའ་ཁག་མང་པོ་ཞིག་སེལ་ཞིང་མ་འོངས་པའི་སྐད་གཉིས་འདྲི་གཅོད་ལས་དོན་ལ་བརྟན་ཞིང་བརླིང་པའི་རྨང་གཞི་ཆེན་པོ་ཞིག་བཏིངས་ཡོད་པ་རེད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་ཁྲིམས་ཁང་གི་ཉེས་དོན་འདྲི་གཅོད་བྱེད་སྒོའི་ཟབ་སྦྱོང་འཛིན་གྲྭ་རང་རེའི་སློབ་གླིང་ནས་ཚོགས། དུས་ཚོད།
རྩོམ་ཅོག་མ།:ཁྱོན་ཡོངས་ནས་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས།

མཉམ་རོལ།: