rss

རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དེས་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྲིད་ཁྲིམས་ལག་ལེན།རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལག་ལེན་བགྲོ་གླེང་ཚོགས་འདུ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱ


ཟླ6པའི་ཚེས29ཉིན།  ཀྲུང་ཧྭ་སྲིད་ཁྲིམས་ཞིབ་འཇུག་ཚོགས་པ་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་དང་།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་།  ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱ་བོད་སྐད་གཉིས་བཅའཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལག་ལེན་གྱི་བགྲོ་གླེང་ཚོགས་འདུ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་ཚོགས།  མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་དང་།  མི་རིགས་ས་ཁུལ་དུས་ཡུན་རིང་བོར་བརྟན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཀྱི་གོམ་པ་གསར་བ་ཞིག་མདུན་དུ་སྤོ་བར་ཁག་ཐེག་བྱས།

ཆེས་མཐོ་མི་དམངས་ཁྲིམས་ཁང་འདྲི་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།  ཀྲུང་ཧྭ་སྲིད་ཁྲིམས་ཞིབ་འཇུག་ཚོགས་པ་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིང་མི་ནཡོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་ཁྲིན་ཐན་ཞོང་།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་པེ་རེ་ཞྭ་ལགས་ཀྱིས་ཚོགས་འདུ་ལ་གུས་ཚིག་ཕུལ།   ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།ཀྲུང་ཧྭ་སྲིད་ཁྲིམས་ཞིབ་འཇུག་ཚོགས་པ་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སུང་ཝེ་ལགས་ཀྱིས་ཚོགས་འདུ་ལ་གཙོ་འཛིན་མཛད།

རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དེས་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྲིད་ཁྲིམས་ལག་ལེན།རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལག་ལེན་བགྲོ་གླེང་ཚོགས་འདུ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱ

ཚོགས་འདུ་ཐོག་བསྟན་དོན།  སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལག་ལེན་ཞིབ་འཇུག་ནི་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།  གཏིང་ཟབ་སྒོས་ཞི་ཅིན་ཕིན་གྱིས་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་དོན་འཁྱོལ་བྱ་རྒྱུ་དང་།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།  རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་མ་སྣ་གསོ་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་བྱས་ཏེ། ཁྲིམས་ལྟར་འདྲ་མཉམ་དང་།     མཐུན་བསྒྲིལ།  ཕན་ལ་རོགས་རེས།  འཆམ་མཐུན་བཅས་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་ལ་སྲུང་སྐྱོབ་དང་ཁག་ཐེག་བྱས་ཏེ།  མི་རིགས་ས་ཁུལ་འཕེལ་རྒྱས་ལ་ནུས་ཤུགས་ཡོད་པའི་སྲིད་ཁྲིམས་ཀྱི་ཞབས་ཞུ་དང་ཁག་ཐེག་བྱ་དགོས་ཞེས་བཤད།

ཆེས་མཐོ་མི་དམངས་ཁྲིམས་ཁང་ཀྲུང་གོའི་ཉེར་སྤྱོད་ཁྲིམས་རིག་པ་ཞིབ་འཇུག་སོ་ཡི་སོ་ཀྲང་གཞོན་པ།  ཀྲུང་ཧྭ་སྲིད་ཁྲིམས་ཞིབ་འཇུག་ཚོགས་པ་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུུའུ་རེན་གཞོན་པ་ཧྥན་མེན་ཀྲུ་ལགས་ཀྱིས་ཚོགས་འདུ་མཇུག་བསྡུ་བ་འགོ་འཛིན་མཛད།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཇུས་གཏན་འབེབས་སུ་ཡི་སུ་ཀྲང་གཞོན་པ་ཅིན་ཁྲུན་ཙི་ལགས་ཀྱིས་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་གནང་།  རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་ནམ་དགེ་རྒན་ཆེན་མོ་སུན་པིན་ཕིན་སོགས་འབྲེལ་ཡོད་འགོ་འཁྲིད་དང་ཆེད་མཁས་པ་མི80ལྷག་བགྲོ་གླེང་ཚོགས་འདུར་ཞུགས།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཆི་ལི་ཧི་ཆུས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།
རྩོམ་ཅོག་མ།:最后一页

མཉམ་རོལ།: