rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཆི་ལི་ཧི་ཆུས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།


ཟླ6པའི་ཚེས25ཉིན།  ཀན་སུའ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་གཞོན་པ་བཀྲ་ཤིས་ཚེ་རིང་གིས་སྣེ་ཁྲིད་དེ་ཆི་ལི་ཧི་ཆུས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས།  ཆི་ལི་ཧི་ཆུས་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲང་ཁྲང་ལིན་གྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས།

 རྟོག་ཞིབ་ཙུའུ་འཁོར་དང་བཅས་པ་སྔ་གཞུག་ཏུ་ཞི་ཧུའུ་སྲང་ལམ་ལང་ཅ་ཀྲོང་སྡེ་ཁུལ་དང་།   མད་ཁུ་ཐུའུ་པུ་དཔེ་ཁང་།  ཆུས་གསར་འཛུགས་གཞུང་ལས་ཁང་སོགས་ལ་ཡུལ་དངོས་ལྟ་སྦྱོང་དང་།  ས་གནས་ལ་རྟོག་ཞིབ།  འགྲེལ་བཤད་ལ་ཉན་པ།  དཔྱད་གཞི་ཡིག་ཆར་ཀློག་པ། འབྲེལ་འདྲིས་བཞུགས་མོལ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཆི་ལི་ཧི་ཆུས་ཀྱི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། 

ལིང་ཅ་ཀྲོང་སྡེ་ཁུལ་ནས་རྟོག་ཞིབ་ཙུའུ་ཡིས་སྡེ་ཁུལ་གྱིས་བཏོན་པའི་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་ཐད་ཀྱི་བྱ་བའི་ལམ་ཕྱོགས་ཏེ་“ཐིག་གཅིག་མཐུན་གཉིས་སྐྱོད་གསུམ་ཅན་བཞི་”ཞེས་པར་གདེང་འཇོག་ཆེན་པོ་བྱས།  ལྷག་པར་དུ་“བཞི་དང་ཕྱེད་ཀའི་ལས་གཞི་”དང་“སྒོར་གཅིག་གི་བརྩེ་སེམས་མཚོན་པའི་ཏང་རིན།”“ སེམས་འདུན་གྱང་” སོགས་ཀྱི་ཞབས་ཞུ་བྱ་འགུལ་བཟང་པོ་སྤེལ་ནས་།  བློ་གཅིག་སེམས་གཅིག་གིས་དམངས་ལ་དོན་དངོས་སྒྲུབ་པ་དང་། བྱ་བ་བཟང་བོ་སྒྲུབ་པ། དཀའ་གནད་སེལ་བ། སྟོབས་ཤུགས་ཡོད་ཚད་ཀྱིས་སྡེ་ཁུལ་མི་རིགས་ཁག་གི་འབྲེལ་འདྲིས་ལ་ཤུགས་བསྣན་པ་དེ་ལ་གདེང་འཇོག་བཟང་བོ་གནང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཇི་ལྟར་སྤེལ་བ་དང་།  མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་གཉིས་ཇི་ལྟར་ཟུང་འབྲེལ་བྱེད་པ་དང་།  གྲོང་ཁྱེར་ཀྱི་མི་རིགས་བྱ་བ་ཇི་ལྟར་སྤྱི་ཚོགས་ཅན་ལ་གཏོང་བ་བཅས་ཀྱི་ཐད་ལ་ལམ་ཁ་གསར་བ་ཞིག་རྙེད་ཡོད་པ་རེད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཆི་ལི་ཧི་ཆུས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།

མད་ཁུ་ཐུའུ་དཔེ་ཁང་ནས།  རྟོག་ཞིབ་ཙུའུ་ཡིས་དཔེ་ཁང་དེ་གའི་མཐའ་འཁོར་གྱི་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་སློབ་གསོའི་ཚད་མི་མཐོ་བ་དང་།  རིག་གནས་ཆུ་ཚད་དམའ་བའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ།  རང་འགུལ་སྒོས་སྤྱི་ཕན་གྱི་ཞབས་ཞུ་དང་བྱ་འགུལ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ལ་སྣེ་འཁྲིད་ནས་དཔེ་ཀློག་བྱེད་པ་དང་།  དཔེ་ཆ་མང་བོ་ཀློག་པ།  མཐའ་འཁོར་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་བྱིས་པ་ཚོར་བདེ་ཐང་ངང་འཚར་ལོངས་དང་།  སྤྲོ་སེམས་འཁོར་བའི་ངང་སློབ་སྦྱོང་བྱེད་པ།  ཤེས་བྱའི་ཚད་ཇེ་མཐོར་གཏོང་སའི་ཁོར་ཡུག་སོགས་མཁོ་འདོན་བྱས་པ་དེ་ལ། མཐའ་འཁོར་མི་དམངས་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཚད་མཐོན་པོ་ཐོན་ཡོད། 

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཆི་ལི་ཧི་ཆུས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འཛུགས་སྐྲུན་བྱ་བར་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།

  ཆུས་གསར་འཛུགས་གཞུང་ལས་ཁང་ནས།  རྟོག་ཞིབ་ཙུའུ་ཡིས་ཞིབ་ཅིང་ཕྲ་བའི་སྒོ་ནས་དཔྱད་གཞི་ཡིག་ཚགས་ལ་ཀློག་པ་དང་།   ཆི་ལི་ཧི་ཆུས་ཡིས་སྤེལ་བའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་ཚོད་ལྟ་ཆུས་ཀྱི་ཆེད་དོན་བརྙན་འཕྲིན་ལ་བལྟས་བ་མ་ཟད།  གསར་འཛུགས་བྱ་བའི་ཁྲོད་ཀྱི་བྱ་བ་སྒྲུབ་སྟངས་བཟང་བོ་དང་ཉམས་མྱོང་ལ་གཏིང་ཟབ་སྒོས་འབྲེལ་འདྲིས་དང་སློབ་སྦྱོང་བྱས།  ཕྱོགས་གཉིས་ཀྱིས་བསྟན་དོན། མུ་མཐུད་ནས་ཕན་ཚུན་ལ་འབྲེལ་འདྲིས་དང་སློབ་སྦྱོང་། མཉམ་འབྲེལ་བཅས་བྱས་ཏེ། མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་བྱ་བ་འཕེལ་རྒྱས་གཏོང་བར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀྲུང་དབྱང་རྩ་འཛུགས་པུའུ་དང་ཐན་ཅིན་གྲོང་ཁྱེར་ཧི་ཕིན་ཆུས་ནས་ཡིན་ཞིང་གནས་སྐབས་འབྲུག་ཆུ་རྫོང་ན་ལས་འགན་བཞེས་ཡོད་པའི་སྨན་ལས་དང་སློབ་གསོའི་ལས་རིགས་ལ་རོགས་རམ་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་མི་སྣ་དག་ཀྲུང་གོ་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་ལ་རྟོག་ཞིབ་
རྩོམ་ཅོག་མ།:རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དེས་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་སྲིད་ཁྲིམས་ལག་ལེན།རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལག་ལེན་བགྲོ་གླེང་ཚོགས་འདུ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱ

མཉམ་རོལ།: