rss

གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།


གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

  ཟླ་6པའི་ཚེས་12ཉིན་གྱི་སྔ་དྲོར།   གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་སུང་ཝེ་ལགས་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གུས་ཚིག་ཕུལ།

 སུན་ཝེ་ལགས་ཀྱིས་གུས་ཚིག་ཁྲོད་བསྟན་དོན།   དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས།  མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་ཡང་འཕེལ་རྒྱས་སུ་སོང་།  ཁྲིམས་ཁང་གི་འདྲི་ཞིབ་གྱོད་གཞིའི་གྲངས་ཀ་ཇེ་མང་དུ་སོང་ལ།  གྱོད་གཞིའི་གནས་ཚུལ་ཡང་སྔར་ལས་རྙོག་འཛིང་ཅན་དུ་གྱུར་ཡོད།  གནས་ཚུལ་འདི་དག་བྱུང་བ་དེས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ལ་རེ་བ་མཐོན་པོ་བཏོན་ཡོད།  ཉེ་བའི་ལོ་འགའི་རིང་།   འབྲུག་ཆུ་གནས་གཞི་ཡིས་མི་རིགས་བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས།   མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ལ་ཞབས་ཞུ་ལེགས་པོ་བསྒྲུབས་ནས། ནུབ་རྒྱུད་ས་ཁུལ་ལམ་ཡང་ན་རྒྱལ་ཡོངས་ཁྱབ་ཁོངས་ནས་མི་རིགས་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གནས་མཆོག་ཅིག་ཏུ་གྱུར་ཡོད་ཅེས་གསུངས།

གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

སློབ་འགོ་རྩོམ་པའི་མཛད་སྒོ་ལ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གནས་གཞི་ཡི་ཡོན་ཀྲང་ཡང་ཙའོ་ཞིན་གྱིས་མགོ་འཛིན་མཛད།རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་ཉེས་དོན་འདྲི་ཞིབ་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་ལེའུ་ལིའུ་དང་ཟབ་སྦྱོང་པུའུ་ཡི་དགེ་རྒན་ཧན་ཅོང་། གཞན་ཞིང་ཆེན་དང་གྲོང་ཁྱེར།  རང་སྐྱོང་ལྗོངས་13གྱི་ཁྲིམས་ཁང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་ཁྲིམས་ཁང་བཅས་ནས་ཕེབས་པའི་ཉེས་དོན་སྐོར་གྱི་ཁྲིམས་དཔོན་70ལྷག་སྔ་དྲོའི་སློབ་འགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད། 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟའི་འཛིན་གྲྭ་དང་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།
རྩོམ་ཅོག་མ།:ཀྲུང་དབྱང་རྩ་འཛུགས་པུའུ་དང་ཐན་ཅིན་གྲོང་ཁྱེར་ཧི་ཕིན་ཆུས་ནས་ཡིན་ཞིང་གནས་སྐབས་འབྲུག་ཆུ་རྫོང་ན་ལས་འགན་བཞེས་ཡོད་པའི་སྨན་ལས་དང་སློབ་གསོའི་ལས་རིགས་ལ་རོགས་རམ་བྱེད་མཁན་གྱི་ཏང་ཡོན་ལས་བྱེད་མི་སྣ་དག་ཀྲུང་གོ་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་ལ་རྟོག་ཞིབ་

མཉམ་རོལ།: