rss

ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟའི་འཛིན་གྲྭ་དང་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

 ཟླ6པའི་ཚེས26ཉིན།    ནུབ་རྒྱུད་ས་ཁུལ་གྱི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟ་འཛིན་གྲྭ་དང་ ་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ཡི་ཡོན་ཀྲང་གཞོན་པ་ཀྲད་མིན་ལི་ལགས་སློབ་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གུས་ཚིག་ཕུལ།

ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟའི་འཛིན་གྲྭ་དང་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

ཀྲད་མིན་ལི་ལགས་ཀྱིས་གུས་ཚིག་ཁྲོད་བསྟན་དོན།   གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ནི་ཁྲིམས་དཔོན་ལས་རིགས་ཅན་དུ་གཏོང་བའི་ཐབས་ལམ་ཞིག་ཡིན་ལ།གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ནི་མི་རིགས་ས་ཁུལ་གྱི་འདྲ་མཉམ་དང་དྲང་བདེན་སྲུང་སྐྱོང་བྱེད་མཁན་ཡིན་ལ།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པའི་འཕེལ་རིམ་ཁྲོད།  ཁྲིམས་དཔོན་ལས་རིགས་ཅན་དང་ཆེད་ལས་ཅན་དུ་གཏོང་བ་དེ་རྒྱལ་ཡོངས་ཁྲིམས་ཁང་གི་ཤེས་ལྡན་མི་སྣ་འཛུགས་བསྐྲུན་བྱེད་པར་ཧ་ཅང་གལ་ཆེ་བ་ཡིན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་པུའུ་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གིས་ཆེད་དུ་སྒྲུབ་པའི་ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟ་འཛིན་གྲྭ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ནི་དེང་སྐབས་སྲིད་ཇུས་ཀྱི་གོ་སྐབས་དམ་དུ་བཟུང་སྟེ། ཁྲིམས་དཔོན་གྱི་ཆེད་ལས་ནུས་པ་མཐོར་འདེགས་གཏོང་ཐུབ་པར་མ་ཟད་དོན་སྙིང་ཡང་གལ་ཆེན་ལྡན། དམངས་ཚོང་དོན་འདྲི་གཅོད་ནི་སྔོན་ནས་ད་བར་དུ་ཁྲིམས་ཁང་གི་བྱ་བའི་ནང་གི་ཆེས་དཀའ་བའི་གནད་དེ་ཡིན་ལ།  ཉེ་བའི་ལོ་འགའི་རིང་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ་གྱི་དམངས་ཚོང་དོན་གྱི་རྩོད་གཞི་ལོ་རེ་ལས་ལོ་རེར་ཇེ་མང་ལ་འགྲོ་བཞིན་ཡོད་ལ། དེ་དང་འདྲ་བའི་གྱོད་གཞི་གསར་བ་ཡང་མུ་མཐུད་འབྱུང་བཞིན་ཡོད།  འདི་འདྲའི་རྒྱབ་ལྗོངས་འོག་ཟབ་སྦྱོང་འཛིན་གྲྭ་གཉིས་སྒྲུབ་པ་འདི་ནི་ཧ་ཅང་དགོས་མཁོ་ཆེ་ཞེས་བཤད།  ཀྲད་མིན་ལི་ལགས་ཀྱིས་ད་རུང་སློབ་མ་རྣམས་ལ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིའི་འཛུགས་བསྐྲུན་དང་ཟབ་སྦྱོང་གི་གནས་ཚུལ་ངོ་སྤྲོད་བྱས།

ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟའི་འཛིན་གྲྭ་དང་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་གཉིས་ཀྱི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན་ལ།  ཆིན་ཧྭ་སློབ་གྲྭ་ཆེན་མོ་དང་།  རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་།  ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་བློ་འདྲི་ཁང་སོགས་ལས་ཁུངས་ཀྱི་ཆེད་མཁས་བ་དང་མཐོ་རིམ་མི་དམངས་ཁྲིམས་ཁང་ཁག་ནས་ཡོང་བའི་ཐིན་ཀྲང་དང་འདྲི་གཅོད་དཔོན་སོགས་ཀྱིས་དགེ་རྒན་གྱི་འགན་བཞེས་ཡོད།  སློབ་ཁྲིད་ཀྱི་ནང་དོན་ནི་དམངས་ཚོང་དོན་འདྲི་གཅོད་ཐབས་ལམ་དང་ཁྲུན་ཁྲ་སྒྲིག་བཟོ།  མི་རིགས་ཡུལ་སྲོལ་དང་ཁྲིམས་འཛིན་འདྲི་གཅོད་སོགས་སློབ་ཁྲིད་བཀོད་སྒྲིག་བཟང་བོ་བྱས་ཡོད།

རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་དམངས་ཚོང་དོན་འདྲི་གཅོད་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ་ལི་ཧན་ཧྥུ་དང་།  རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བསླབ་གནས་སློབ་གསོ་པུའུ་ཡི་དགེ་རྒན་མིན་ཅོང་སློབ་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་ཟབ་སྦྱོང་གི་སློབ་ཁྲིད་དང་འབྲེལ་ཡོད་ཀྱི་སྒྲིག་ལམ་སོགས་ལ་རེ་བ་ནན་མོ་བཏོན། 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭའི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་དེ་བརྗོད་དོནབྱས་ནས་སློབ་སྦྱོང་བྱེད་པའི་ཚོགས་འདུ
རྩོམ་ཅོག་མ།:གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་སྐབས་དང་པོ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

མཉམ་རོལ།: