rss

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭའི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་དེ་བརྗོད་དོནབྱས་ནས་སློབ་སྦྱོང་བྱེད་པའི་ཚོགས་འདུ

ཟླ་6པའི་ཚེས་24ཉིན།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭའི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ།  “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་དེ་བརྗོད་དོན་བྱས་ནས་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་ཚོགས་འདུ་ཞིག་བསྡུས།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་སློབ་དཔྱོད་ཁང་གི་འབྲེལ་ཡོད་མི་སྣ་ཚོགས་འདུ་དེར་ཞུགས་ཤིང་། གནས་སྐབས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབྱང་ཁའེ་ཅོ་ཡིས་ཚོགས་འདུ་ལ་མགོ་མཛིན་གནང་བ་རེད།

 ཚོགས་ཐོག་ཏུ། ཏང་ཡོན་ཚང་མས་མཉམ་གཅིག་ཏུ་《ཞི་ཅིན་ཕིང་གི་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”སྐོར་གྱི་གསུང་བཤད་གལ་ཆེན་བདམས་བསྒྲིགས་》ལ་སློབ་སྦྱོང་བྱས་པར་མ་ཟད།  སློབ་སྦྱོང་ལས་ཐོབ་པའི་སེམས་བསྐྱེད་ཕན་ཚུན་བརྗོད་རེས་དང་བགྲོ་གླེང་བྱས་པ་རེད།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭའི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ།  “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་དེ་བརྗོད་དོནབྱས་ནས་སློབ་སྦྱོང་བྱེད་པའི་ཚོགས་འདུ

 ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་སློབ་དཔྱོད་ཁང་གི་ལས་བཟོ་བ་དང་ཟབ་སྦྱོང་འཛིན་གྲྭའི་འཛིན་བདག་ཧྲི་མའོ་ཧིན།  གནས་སྐབས་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དབྱང་ཁའེ་ཅོ་སོགས་བློ་མཐུན་བརྒྱད་ཀྱིས་སྔ་ཕྱིར་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པའི་བརྗོད་དོན་ལ་དམིགས་ཏེ།  མིག་མདུན་གྱི་སློབ་སྦྱོང་གོ་སྐབས་ཇི་ལྟར་དམ་འཛིན་བྱེད་པ་དང་རྒྱ་བོད་སྐད་གཉིས་ཇི་ལྟར་བྱང་ཆུད་དུ་འཇུག་པ་སོགས་ལ་རང་རང་སོ་སོའི་བསམ་ཚུལ་དང་མྱོང་ཚོར་ལྷུག་པོར་བརྗོད་ཡོད།

 ཟབ་སྦྱོང་གི་འཛིན་བདག་ཧྲི་མའོ་ཧིན་གྱིས་བཤད་རྒྱུར།  གུང་ཁྲན་ཏང་གི་ཐོག་མའི་སེམས་འདུན་དང་འགན་འཁྲི་ཉིད་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བར་མཛད་པ་དེ་ཡིན།  ལོ་རྒྱུས་ཀྱི་འགན་འཁྲི་འདི་ནི་བོད་རྒྱ་སྐད་གཉིས་འཛིན་གྲྭའི་ཐོག་ལ་བབས་ན།  ང་ཚོས་སྲིད་ཁྲིམས་སྡེ་ཁག་གི་མི་རིགས་ས་ཁུལ་གྱི་སྐད་གཉིས་མི་སྣའི་དཔུང་སྡེ་འཛུགས་རྒྱུ་དང་སྐྱེད་སྲིང་སོགས་ཀྱི་ཐད་ལ་སྔར་བས་ཤུགས་སྣོན་བྱེད་དགོས་ཤིང་།  མི་རིགས་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ། རང་ཞིང་གི་སྲིད་ཁྲིམས་བྱ་གཞག་མུ་མཐུད་ནས་འཕེལ་རྒྱས་འགྲོ་བ་སོགས་ཀྱི་ཕྱོགས་ལ་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་ཟེར།

ཐེངས་འདིའི་སློབ་སྦྱོང་བརྒྱུད་ནས་ཚང་མར་ངེས་ཤེས་ཤིག་བསྐྱེད་དེ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་ཞེས་པ་ཉིད་ནི།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རང་རྟོགས་སྒོས་ལག་ལེན་དུ་བསྟར་དགོས་པ་དེ་ཡིན་ནོ། །

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།
རྩོམ་ཅོག་མ།:ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་ཚོད་ལྟའི་འཛིན་གྲྭ་དང་གྲངས་ཉུང་མི་རིོགས་ས་ཁུལ་གྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭ་ སྐབས་གཉིས་པ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་ནས་སློབ་མགོ་བརྩམས།

མཉམ་རོལ།: