rss

འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།


འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།

དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཆེད་དུ།  རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་2019ལོའི་བྱ་བའི་བཀོད་སྒྲིག་ལྟར།  ཟླ་6པའི་ཚེས་20ཉིན་ནས་21ཉིན་གྱི་བར།  རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས་པ་རེད།  རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ལིང་ཅི་ཞའོ་དང་ཀྲུའུ་རེན་གཞོན་པ་ཝང་ཅན་ཧྥ།  རྫོང་དམངས་ཆེན་འཐུས་མི་རེ་འགའ།  ཞང་དང་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི།  དམངས་ཆེན་གྱི་བྱ་བ་སྒྲུབ་མཁན་སོགས་མི་60ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་པ་རེད།

འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།

ཚོགས་ཐོག་ཏུ་ཚང་མས་《དམངས་ཆེན་ཞིབ་འཇུག་》ཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་པ་ཞི་ཕུ་ཏེ་ལགས་ཀྱིས་གནང་བའི་འཆད་ཁྲིད་དེ།  《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་ཚོགས་ཆེན་མོའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་སྐོར་གྱི་དགོངས་དོན་གལ་ཆེན་》ཞེས་པ་དང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མིའི་མི་དོན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་མོའུ་ཀྲུང་ཆིན་ལགས་ཀྱིས་གནང་བའི་འཆད་ཁྲིད་དེ།  《དུས་རབས་གསར་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་དམངས་ཆེན་འཐུས་མིའི་བྱ་བ་》ཞེས་པ་དང་།  རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ལིང་ཅི་ཞའོ་ལགས་ཀྱིས་གནང་བའི་འཆད་ཁྲིད་དེ།  《གཞི་རིམ་དམངས་ཆེན་འཐུས་མིའི་བྱ་བ་ཇི་ལྟར་བསྒྲུབ་རྒྱུ་》ཞེས་པ་བཅས་ལ་ནན་ཏན་སྒོས་ཉན་པ་རེད།

འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།

ལིང་ཅི་ཞའོ་ལགས་ཀྱིས་ནན་གྱིས་བསྟན་དོན།  རྒྱ་ཆེའི་དམངས་ཆེན་འཐུས་མི་དང་དམངས་ཆེན་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་གོ་རྟོགས་ཆེ་རུ་བཏང་སྟེ།  སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་དགོས་ཤིང་།  དམངས་ཆེན་ལམ་ལུགས་སྐོར་གྱི་གཞུང་ལུགས་དང་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་སོགས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་པ་དང་།  དུས་རབས་གསར་བའི་འཐུས་མིའི་འགན་སྒྲུབ་ཐབས་ལ་ཡང་སློབ་སྦྱོང་ཡག་པོ་བྱས་ཏེ།  རང་ཉིད་ཀྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་མུ་མཐུད་ནས་ཇེ་མཐོར་གཏོང་དགོས་ཞེས་གསུངས་སོ། །

འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་2019ལོའི་དམངས་ཆེན་འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་བསྒྲུབས།

ཟབ་སྦྱོང་གི་སྐབས་སུ།  འཐུས་མི་རྣམས་ཀྱིས་ད་དུང་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་སྒྲུབ་བཞིན་པའི་ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པ་སློབ་སྦྱོང་ཟབ་སྦྱོང་འཛིན་གྲྭའི་སློབ་ཁྲིད་འགའ་རེར་ཡང་ཉན་ཞིང་།  མཇུག་མཐར་ཀྲུང་གོ་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་ལ་ལྟ་སྐོར་བྱས་ཏེ།  མི་རིགས་ཁྲིམས་ལུགས་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཉམས་སུ་མྱངས་པ་རེད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭའི་གནས་སྐབས་ཏང་ཀྲི་པུའུ་ཡིས་སྒྲིག་འཛུགས་བྱས་ཏེ། “ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་དེ་བརྗོད་དོནབྱས་ནས་སློབ་སྦྱོང་བྱེད་པའི་ཚོགས་འདུ

མཉམ་རོལ།: