rss

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཟླ་6པའི་ཚེས་20ཉིན།  ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ནམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མིའི་མི་དོན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཉིན་ཅིན་ཧྭའེ་ལགས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ནས་གཏམ་བཤད་གནང་།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མིའི་མི་དོན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་མུའོ་ཀྲུང་ཆིན་ལགས་ཀྱིས་མཛད་སྒོར་མགོ་འཛིན་མཛད་ཅིང་།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་ཀྲུའོ་ལེ་ཞིན་ལགས་ཀྱིས་ཤིས་ཚིག་ཕུལ།   ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་14ནས་ཕེབས་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་མི་དོན་བྱ་བའི་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན།  རྫོང་ཁག་86གི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་དང་འབྲུག་ཆུ་རྫོང་དམངས་ཆེན་འཐུས་མི་སོགས་ཁྱོན་བསྡོམས་མི་200སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཉིན་ཅིན་ཧྭའེ་ལགས་ཀྱིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་མཛུབ་སྟོན་དུ་བསྒོམས་ནས།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་དབུ་འཛིན་ལེ་ཀྲན་ཧྲའོ་ལགས་ཀྱིས་བཏོན་པའི་བླང་བྱ་སྟེ་དམངས་ཆེན་འཐུས་མིའི་འབྲེལ་གཏུག་བྱ་བ་ལེགས་པོར་བསྒྲུབ་དགོས་ཞེས་པ་དེ་ནན་ཏན་སྒོས་ལག་ལེན་མཐའ་འཁྱོལ་བྱེད་དགོས།  འཐུས་མི་ལ་བརྩི་བཀུར་བྱེད་པ་དང་།  འཐུས་མི་ལ་ཞབས་འདེགས་ཞུ་བ།  འཐུས་མི་དྲིལ་སྒྲོག་བྱེད་པ་བཅས་བསྒྲུབས་ནས་“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་”ཞེས་པ་ལག་ལེན་དུ་བསྟར་དགོས།  ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་དང་འབྲེལ་འབྲེལ་བྱེད་པའི་ཟམ་པ་ལྟ་བུའི་ནུས་པ་དེ་འདོན་སྤེལ་གང་ལེགས་བྱས་ཏེ།  ཕྱོགས་སོ་སོའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

 

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

  ཐེངས་འདིའི་ཟབ་སྦྱོང་གི་ཁྲོད་དུ་ཆེད་དོན་ཟུར་ཁྲིད་དང་བསམ་བློ་བརྗེ་རེས།  རང་སོའི་བསམ་ཚུལ་བརྗོད་པ།  ཡུལ་དངོས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་བཀོལ་སྤྱོད་བྱས་པ་དང་།  ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་དུ་ཡོད་པ་རེད།  ཟབ་སྦྱོང་གི་སྐབས་སུ་སློབ་གཉེར་བ་ཚང་མ་གཟར་འགག་གཡུལ་འགྱེད་གནས་ཤུལ་དང་གསར་བརྗེའི་དྲན་གསོ་ཁང་དུ་ཁྲིད་ནས་ཕུགས་འདུན་སྐོར་གྱི་སློབ་གསོ་སྤེལ་བ་དང་།  ཀྲུང་གོའི་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་དུ་སོང་ནས་མི་རིགས་ཁྲིམས་ལུགས་རིག་གནས་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཉམས་སུ་མྱོང་ཞིང་།  འབྲུག་ཆུ་རྫོང་གྲོང་སྡེ་གསར་བ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་སྡེར་བསྐྱོད་དེ་ཡུལ་དངོས་ནས་སློབ་སྦྱོང་བྱས་པ་དང་།  ས་གནས་དེ་གའི་གནད་ཁེལ་དབུལ་སྒྲོལ་དང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས།  ཐོན་ལས་འཕེལ་རྒྱས་དང་དམངས་ཆེན་འཐུས་མིའི་བྱ་བ་སོགས་ཐད་ཀྱི་གནས་ཚུལ་ལ་གཏིང་ཟབ་སྒོས་རྒྱུས་ལོན་བྱས་པ་རེད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།
རྩོམ་ཅོག་མ།:最后一页

མཉམ་རོལ།: