rss

ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།


ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།

སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་སྔར་ལས་ལྷག་པའི་སྒོ་ནས་དར་སྤེལ་གཏོང་བ་དང་།  ཞིང་ཆེན་ཁྲིམས་ཁང་གི་འགྲེལ་བཤད་པའི་ཟབ་སྦྱོང་ལམ་ལུགས་ཚད་ལྡན་དུ་གཏོང་བ།  འགྲེལ་བཤད་པའི་བྱང་ཚད་སྔར་བས་ཇེ་མཐོར་གཏོང་བ་བཅས་ཀྱི་ཆེད་དུ།  ཟླ་6པའི་ཚེས་13ཉིན།  ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མིའམ་རྒྱལ་ཡོངས་ཀྱི་འགྲེལ་བཤད་པ་བཅུ་གྲས།  ཧྭའེ་ཉི་དམག་དཔུང་ལྷན་འཛོམས་དྲན་གསོ་ཁང་གི་རུ་གཙོ་གཞོན་པ་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་ཀྲུང་གོ་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་དུ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་ཞིང་།  ཞིང་ཆེན་ཁྲིམས་ཁང་དང་ཁྲིམས་དཔོན་སློབ་གླིང་གི་འགྲེལ་བཤད་པ་10ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་པ་རེད།

ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།

 

ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།

འཐུས་མི་ལི་ཅོང་ཧྥེན་ལགས་ཀྱིས་ཡུལ་དངོས་ནས་དཔེ་སྟོན་དང་།  ཉམས་མྱོང་མཉམ་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་དེ་བཟོ་ལྟ་སྟོན་ཚུལ་དང་འགྲེལ་བཤད་བྱེད་ཐབས།  སྐད་ཆ་ཚད་ལྡན་དུ་གཏོང་རྒྱུ་སོགས་ཀྱི་ཐད་ལ་ཆེད་ལས་ཀྱི་སློབ་ཁྲིད་གནང་བར་མ་ཟད།  བརྒྱུད་རིམ་དེའི་ཁྲོད་དུ་འགྲེལ་བཤད་པ་རྣམས་ལ་ངག་རྩལ་སྐོར་གྱི་རྩེད་མོ་རེ་འགའ་ཡང་རྩེ་རུ་བཅུག་པ་རེད།

ཞིང་ཆེན་ཁྲིམས་ཁང་གིས་ཞིང་ཆེན་དམངས་ཆེན་འཐུས་མི་ལི་ཅོང་ཧྥེན་ལགས་གདན་དྲངས་ཏེ་འགྲེལ་བཤད་པ་རྣམས་ལ་ཡུལ་དངོས་ནས་སློབ་ཁྲིད་གནང་བ།

ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་ཞིང་ཆེན་ཁྲིམས་ཁང་གི་འགྲེལ་བཤད་མི་སྣ་རྣམས་ཀྱིས་འགྲེལ་བཤད་བྱ་བར་ངེས་ཤེས་ཟབ་མོ་སྐྱེས་ཤིང་།  འཐུས་མི་ལི་ཅོང་ཧྥེན་ལགས་ཀྱིས་ཚང་མར་རེ་ལྟོས་ཆེན་པོ་ཡོད་དེ།  ཚང་མས་བཟང་ལྔ་འགྲེལ་བཤད་པའི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ཆེན་པོ་བཏོན་ནས། ཕྱོགས་སོ་སོ་ནས་ཧུར་ཐག་བགྱིས་ཏེ་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱེད་པའི་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་དགོས་ཞེས་ཁོང་མོས་འགྲེལ་བཤད་པ་རྣམས་ལ་དེ་ལྟར་གསུངས་སོ། །

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་ཁྲིན་ཐན་ཞོང་དང་བཅས་པ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་སྒྲུབ་པའི་བྱ་བར་རྟོག་ཞིབ་ཏུ་ཕེབས་པ།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་འབྲེལ་གཏུག་སྡེ་ཁག་གི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

མཉམ་རོལ།: