rss

ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་བསྡུས།


ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་བསྡུས།

ཟླ་6པའི་ཚེས་12ཉིན་གྱི་སྔ་དྲོ།  ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་བསྡུས།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་སུང་ཝེ་ལགས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ་ཞིང་།  རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིའི་ཡོན་ཀྲང་ཡང་ཙོ་ཞིན་ལགས་ཀྱིས་མཛད་སྒོར་མགོ་འཛིན་མཛད།

  སུང་ཝེ་ལགས་ཀྱིས་བསྟན་དོན།  ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྲིམས་སྐྱོང་བྱེད་པའི་མི་སྣ་དགོས་མཁོ་ཆེ་སྟེ།  ཀྲུང་གོ་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྲུན་བྱེད་ཚད་ཇེ་ཆེར་གཏོང་བ་དང་བསྟུན་ནས།  ཁྲིམས་སྐྱོང་ཆེད་ལས་མི་སྣའི་དཔུང་སྡེའི་འཛུགས་སྐྲུན་དེ་ནི་ཧ་ཅང་གལ་ཆེན་པོར་མངོན།  ཆེས་མཐོ་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གཉིས་ཀྱིས་ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་ཞེས་པ་འདི་སྒྲུབ་དོན་ནི།  མིག་སྔར་གྱི་སྲིད་ཇུས་ལ་རྐང་བཙུགས་ཏེ་ཁྲིམས་དཔོན་རྣམས་ཀྱི་ནུས་པ་དང་བྱང་ཚད་མཐོར་འདེགས་གཏོང་རྒྱུར་དམིགས་པ་ཡིན་པས་དོན་སྙིང་ཆེན་པོ་ཡོད་པ་རེད་ཅེས་གསུངས།

ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་བསྡུས།

ཐེངས་འདིའི་ཟབ་སྦྱོང་གི་དུས་ཡུན་ནི་ཉིན་བདུན་ཡིན་ལ།  རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་ཉེས་དོན་འདྲི་གཅོད་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་ལེའུ་ལིའུ་ལགས་དང་ཟབ་སྦྱོང་པུའུ་ཡི་དགེ་རྒན་ཧན་ཅོང་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་12ཀྱི་ཁྲིམས་ཁང་དང་།  ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ཁྲིམས་ཁང་བཅས་ནས་ཕེབས་པའི་ཉེས་དོན་ཁྲིམས་དཔོན་100སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།
རྩོམ་ཅོག་མ།:ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་ཁྲིན་ཐན་ཞོང་དང་བཅས་པ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་སྒྲུབ་པའི་བྱ་བར་རྟོག་ཞིབ་ཏུ་ཕེབས་པ།

མཉམ་རོལ།: