rss

ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཟླ་5བའི་ཚེས་13ནས་15ཉིན་གྱི་བར།  ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས། ཐེངས་འདིའི་ཟབ་སྦྱོང་ནི་སློབ་གཉེར་བ་རྣམས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱེད་ཐབས་མཐོར་འདེགས་གཏོང་རྒྱུ་དེ་དམིགས་ནས་བསྒྲུབས་པ་ཡིན།  ཟབ་སྦྱོང་གི་སྐབས་སུ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་སློབ་གཉེར་བ་རྣམས་ལ་ཆེད་དོན་འཆད་ཁྲིད་དང་ཡུལ་དངོས་ལྟ་སྐོར།  ཏང་གི་དུས་ཆེན་སྐོར་གྱི་བྱ་འགུལ་སོགས་བཀོད་སྒྲིག་བྱས་པ་ཡིན།  སློབ་གཉེར་བ་རྣམས་ཀྱིས་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་རྫོང་མཐུག་པའི་བཅའ་ཁྲིམས་རིག་གནས་ཀྱི་མཁའ་དབུགས་ཁྲོད་དུ་ཀྲུང་ཕྱི་གཉིས་ཀྱི་བཅའ་ཁྲིམས་རིག་གནས་ལ་ཉམས་སུ་མྱངས་ཤིང་།  འབྲུག་ཆུའི་འདམ་རྡོའི་ཆུ་རུད་ཆེན་མོའི་གནོད་འཚེ་དྲན་གསོ་ཁང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བསྔགས་བརྗོད་བྱས་པ་དང་།  ཀྲུང་གོའི་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་ཀྱི་བཤམས་སྟོན་ཁང་ནས་ཀྲུང་གོའི་ཁྲིམས་སྐྱོང་གི་འཕོ་འགྱུར་ལ་སེམས་འགུལ་ཐེབས་པ་རེད།

ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་སློབ་གཉེར་བ་རྣམས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་རེད།  མཇུག་མཐར་སློབ་གཉེར་བ་རྣམས་ཀྱིས་བཤད་རྒྱུར།  ཡུལ་དངོས་ནས་སློབ་ཁྲིད་བྱས་པ་དེས་རྗེས་མར་རང་ཉིད་ཀྱིས་ཁྲིམས་ལྟར་དོན་བསྒྲུབ་རྒྱུ་དང་ཁྲིམས་ལྟར་ཇུས་ཐག་གཅོད་པའི་ཕྱོགས་སུ་ཕན་པ་ཆེན་པོ་ཡོད་རྒྱུ་རེད་ཟེར།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།
རྩོམ་ཅོག་མ།:ནུབ་རྒྱུད་ས་ཁུལ་ཁྲིམས་ཁང་གི་གསར་བསྐོས་ཁྲིམས་དཔོན་ཟབ་སྦྱོང་དཔེ་སྟོན་འཛིན་གྲྭ་(ཉེས་དོན་འདྲི་གཅོད་ཆེད་ལས)དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞིར་བསྡུས།

མཉམ་རོལ།: