rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཟླ་5བའི་ཚེས་27ཉིན།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས། ཞིང་ཆེན་ཁྲིམས་ཁང་གི་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་ཀྱི་ཆེད་གཉེར་ཨུ་ཡོན་ཝོ་ཧྲའོ་ཞིན་ལགས་སློབ་མགོ་ཚུགས་པའི་མཛད་སྒོར་ཕེབས་ཏེ་གསུང་བཤད་གནང་བ་དང་།  ཞིང་ཆེན་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པའམ་དྲིལ་སྒྲོག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲེད་རོང་ཧྲིན་གྱིས་མགོ་འཛིན་མཛད་ཅིང་།  ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲེད་མེན་ལེས་ཤིས་ཚིག་ཕུལ་པ་རེད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

 ཝོ་ཧྲའོ་ཞིན་ལགས་ཀྱིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལྟར་བསྒྲུབ་དགོས་པར་མ་ཟད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དག་ལ་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་དགོས་པ་དང་།  ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་སྟོན་ལ་རྒྱུན་འཁྱོངས་བྱས་ཏེ།  “འདུ་ཤེས་བཞི”་ལ་ཤུགས་སྣོན་དང་“ཡིད་ཆེས་བཞི་” ལ་རྒྱུན་སྐྱོང་བྱེད་དགོས་པ་རེད།   རང་རྟོགས་སྒོས་གནས་བབ་གསར་བའི་ཁྲོད་བསམ་བློ་དྲིལ་སྒྲོག་དང་དམངས་སེམས་གཅིག་ཏུ་སྒྲིལ་བ།  མི་གསར་བ་གསོ་སྐྱོང་བྱེད་པ།  རིག་གནས་དར་རྒྱས་སུ་གཏོང་བ་སོགས་ཀྱི་ལས་འགན་དང་དུ་བླངས་ཏེ།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བ་ནན་ཏན་སྒོས་བསྒྲུབས་ནས།  རང་གི་འབྲི་རྩལ་ཇེ་མཐོ་དང་བྱ་དངོས་རྟོག་དཔྱོད་ཀྱི་བློ་མིག་ཇེ་གསལ་དུ་གཏོང་དགོས་ཤིང་།  ཁྲིམས་སྐྱོང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་།  ཁྲིམས་སྐྱོང་གི་ནང་དོན་དྲིལ་སྒྲོག་གང་ལེགས་བྱས་ནས།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བར་འཕེལ་རྒྱས་གསར་བ་ཡོང་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཐེངས་འདིའི་ཟབ་སྦྱོང་གི་ཁྲོད།  གསར་འགྱུར་གླེང་ཕྱོགས་ཀྱི་བྱ་བ་གཉེར་ནས་ཡུན་རིང་འགོར་བའི་ཞིན་ཧྭ་གསར་འགྱུར་ཁང་དང་ཁྲིམས་ལུགས་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་མི་སྣ་དང་།  ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སྨྱན་སྦྱོར་སློབ་གླིང་དང་སྨྱན་བྱེད་གསར་བའི་ཞིབ་འཇུག་གླིང་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་སོགས་གདན་དྲངས་ནས།  ཞིང་ཆེན་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་དང་ཁྱབ་སྤེལ།  གླེང་ཕྱོགས་ཁྲིད་སྟོན་སོགས་ཀྱི་བྱ་བ་ཇི་ལྟར་བསྒྲུབས་ན་ད་གཟོད་ལེགས་པོར་ཡོང་རྒྱུ་དེ་བརྗོད་གཞི་བྱས་ནས་སློབ་ཁྲིད་གནང་རྒྱུ་ཡིན་པ་དང་།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པ་སོགས་བསྡོམས་པས་མི་130ལྷག་ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་པ་རེད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།
རྩོམ་ཅོག་མ།:ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཏང་གི་སློབ་གྲྭའི་ལས་བྱེད་དར་མའི་ཟབ་སྦྱོང་འཛིན་གྲྭ་སྐབས་ང་བཞི་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

མཉམ་རོལ།: