rss

ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།


ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།

ཟླ་5ཚེས་16ཉིན།ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་ཀྱི་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ནས་འཚོགས་པ་རེད། ཆེས་མཐོའི་མི་དམངས་ཁྲིམས་ཁང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིང་མིན་ཡོན་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་།ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཁྲིས་ཚོགས་འདུར་མགོ་འཛིན་མཛད།ཆེས་མཐོའི་མི་དམངས་ཁྲིམས་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཅ་ཧེ་དང་།ཀན་སུའུ་ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཁྲི་ཚེ་ཡོན་ཚོགས་འདུར་ཕེབས།

ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།

 

ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།

 

ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།

 

ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རེན།ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་ཀྱི་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་སུང་ཝེ་ཡིས་ཚོགས་འདུར་ཨུ་ཡོན་ལྷན་ཁང་བཙུགས་ཚུན་གྱི་བྱ་བའི་གནས་ཚུལ་དང་རྗེས་ཕྱོགས་ཀྱི་ལས་ཀའི་འཆར་གཞི་སྒྲོག་འདོན་བྱས་པ་དང་།ཞིབ་འཇུག་བྱ་གཞིའི་དོ་དམ་བྱ་ཐབས་དང་།ཞིབ་འཇུག་བྱ་གཞིའི་རྣམ་གྲངས་བཀོད་སྒྲིག ལོ་ཚོགས་གྲ་སྒྲིག་དང་བརྟག་ཞིབ་བྱ་བ་སོགས་ཚོགས་འདུའི་ཐོག་ནས་གྲོས་བསྡུར་རྒྱ་ཆེན་པོ་བྱས།

  ཚོགས་ཐོག་ནས་བསྟན་དོན། 

  ཆེད་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་རང་བཞིན་དང་།མི་རིགས་རང་བཞིན། ཁྲིམས་སྐྱོང་རང་བཞིན།དུས་རབས་རང་བཞིན།མ་ལག་རང་བཞིན།མཐུན་སྦྱོར་རང་བཞིན།རྨང་གཞིའི་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ།ཏང་གི་མགོ་ཁྲིད་ལ་མཐའ་འཁྱོངས་བྱེད་པ་དང་མི་དམངས་ལྟེ་བར་འཛིན་པ།ཁྲིམས་ལུགས་གཅིག་གྱུར། ཁྱད་ཆོས་ཡོད་པ་དང་བཀོལ་སྤྱོད་ཐུབ་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ།ཞིབ་འཇུག་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ཞིབ་འཇུག་གི་གཙོ་གནད་འབུར་ཐོན་པ་ཡོང་བ།རིག་གཞུང་གི་གྲུབ་འབྲས་དུས་ཐོག་ཏུ་བསྒྱུར་བར་སྐུལ་འདེད་བྱེད་པ།མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་བཅས་ལ་རིགས་པའི་གཞུང་ལུགས་ཀྱིས་འདེགས་སྐྱོར་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།

ཚོགས་འདུའི་བླང་བྱ། 

ཆེད་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ཆབ་སྲིད་ཀྱི་ལང་ཕྱོགས་སྔར་ལས་མཐོ་རུ་བཏང་ནས།“འདུ་ཤེས་བཞི་”དང་“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་སྟེ།བློ་ཐག་རྦད་ཆོད་ཀྱིས་“སྲུང་སྐྱོབ་གཉིས་”སྒྲུབ་སྟེ།ཆབ་སྲིད་ཀྱི་ལང་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་འགྲོ་ལམ་སོགས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་རྒྱུན་སྐྱོང་བྱེད་དགོས།ལས་འགན་གཙོ་བོ་དང་ལས་ཀའི་ཁྱོན་ཡོངས་ལ་རྩེ་གཅིག་ཏུ་དམིགས་ཏེ།མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་ལག་ལེན་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་གནད་དང་།གླེང་མོལ།གནད་འགག་བཅས་ཀྱི་གནད་དོན་ལ་དམིགས་ཏེ།མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ལས་གཞི་དང་།གླེང་སྟེགས་ཞིབ་གྲོས།ཆེད་དོན་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ།  མི་རིགས་ས་ཁུལ་གྱི་ཁྲིམས་འཛུགས་དང་།   ཁྲིམས་བསྟར།    ཁྲིམས་འཛིན།ཁྲིམས་ལུགས་ཁྱབ་གདལ་སོགས་ཀྱི་ལས་དོན་ལ་དཔྱད་གཞིའི་བསམ་འཆར་འདོན་པ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་བར་ཁྲིམས་སྐྱོང་གི་རྒྱུ་ཆ་སྔར་ལས་མང་པོ་མཁོ་འདོན་བྱས་ཡོད་ལ།སྡེ་ཚན་ཁག་གི་འབྲེལ་འདྲིས་སློབ་སྦྱོང་ལ་ཤུགས་བསྣན་ཏེ་ཆ་འཕྲིན་མཉམ་སྤྱོད་ཐུབ་པར་བྱ་དགོས་ལ།སེམས་ཤུགས་གཅིག་སྒྲིལ་སྒོས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་དེ་ཆེད་ལས་སྤུས་ལེགས་ཅན་དུ་གཏོང་དགོས་ཞེས་བཤད།

རྒྱལ་ཁབ་མི་རིགས་དོན་གཅོད་ལས་དོན་ཨུ་ཡོན་ལྷན་ཁང་དང་།ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ཚོགས་པའི་དྲུང་ཡིག་ཁྲུའུ། ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཁྲུའུ།ལས་འཛིན་ལས་ཁུངས།ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་བློ་འདྲིས་ཁང་།ཀན་ལྷོ་དང་ལིན་ཞྭ་ཁུལ་གྱི་འབྲེལ་ཡོད་མི་སྣ་དང་ཆེད་མཁས་པ་ཚོགས་འདུར་ཞུགས་ཡོད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གསར་འགྱུར་མགྲིན་ཚབ་པ་དང་སྨྱན་བྱེད་གསར་བའི་འགན་འཛིན་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

མཉམ་རོལ།: