rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།


ཟླ་5བའི་ཚེས་15ཉིན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་ཏེ་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་རེད།  འབྲུག་ཆུ་རྫོང་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་ལིང་ཅི་ཞའོ་དང་ཀྲུང་གུང་འབྲུག་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གོ་ཙི་ཝེན།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡཱང་ཙོ་ཞིན།  འབྲུག་ཆུའི་འདམ་རྡོའི་ཆུ་རུད་གནོད་འཚེ་ལ་ཉེན་སྐྱོབ་དང་རོགས་སྐྱོར་གནང་བའི་དྲན་གསོ་ཁང་གི་མགོ་འཛིན་ཏོ་ཧྲི་མེན་བཅས་ཀྱིས་མཉམ་དུ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་བོད་ཀྱི་དམངས་སྲོལ་རིག་གནས་སློབ་ཁྲིད་ལག་ལེན་གྱི་གནས་གཞི་ཞེས་པའི་སྒོ་བྱང་དེ་བཀལ་བ་རེད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་བོད་ཀྱི་དམངས་སྲོལ་རིག་གནས་སློབ་ཁྲིད་ལག་ལེན་གནས་གཞི་ཡིས།  འབྲུག་ཆུ་རྫོང་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་གི་ཐོན་ཁུངས་ལེགས་པོར་བརྟེན་ནས།  གཏིང་ཟབ་སྒོས་སྲོལ་རྒྱུན་རིག་གནས་དེ་དག་གི་ལོ་རྒྱུས་དང་སྒྱུ་རྩལ།  ཚན་རིག་བཅས་ཐད་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ།  སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བཟང་བའི་ཆ་དར་སྤེལ་དང་བེད་སྤྱོད་བྱས་ནས།  བོད་ཀྱི་རིག་གནས་ཀྱིས་ཁྲིམས་སྐྱོང་ཕྱོགས་ཀྱི་ཤེས་ལྡན་མི་སྣ་ཟབ་སྦྱོང་དང་ཁྲིམས་ལུགས་རིག་གནས་ཞིབ་འཇུག་དང་སྔོག་འདོན་སོགས་ཐད་ལ་ཞབས་འདེགས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་རྒྱུ་ཡིན་པར་མ་ཟད།  ཟབ་སྦྱོང་དུ་ཞུགས་པའི་སློབ་གཉེར་བ་རྣམས་ལ་ཐག་ཉེ་བའི་ངང་འབྲུག་ཆུའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ལ་ཉམས་སུ་མྱང་དུ་བཅུག་ནས།  སློབ་གླིང་དང་ས་གནས་གཉིས་ཀྱི་འཕེལ་རྒྱས་ལ་གོ་ཆོད་པ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་དམིགས་ཡུལ་དེ་འགྲུབ་དུ་འཇུག་དགོས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།

ཀྲུང་གུང་འབྲུག་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡཱང་ཧྲོ་ཧྥིན་དང་འབྲུག་ཆུ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲུའོ་ཅིན་ཧྥན།  འབྲུག་ཆུ་རྫོང་སྲིད་གྲོས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡོན་ཞིན།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ལས་བཟོ་བ་ཡོངས་རྫོགས།  འབྲུག་ཆུ་རྫོང་འབྲེལ་ཡོད་སྡེ་ཁག་གི་ལས་བཟོ་བ་སོགས་བསྡོམས་པས་མི་100ལྷག་མཛད་སྒོ་དེར་ཞུགས་པ་རེད།  གཞན་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་རྟོག་ཞིབ་ལ་ཕེབས་པའི་ཐེན་ཅིན་གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལའོ་ཧུང་དང་།  ཐེན་ཅིན་གྲོང་ཁྱེར་ཇུས་འགོད་ཞིབ་འཇུག་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་ལི་ཧུང་ཀང་རྣམ་གཉིས་ཀྱང་མཛད་སྒོར་ཞུགས་པ་རེད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།
རྩོམ་ཅོག་མ།:ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(རྒྱས་འཛོམས)ཚོགས་འདུ་དེ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་འཚོགས་པ།

མཉམ་རོལ།: