rss

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།


 ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།

ཟླ་5བའི་ཚེས་ 7ཉིན། ཞིང་ཆེན་ཁྲིམས་ཁང་གི་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭའི་དམག་རྩལ་སྦྱོང་བརྡར་བྱ་འགུལ་དེ་མགོ་ཚུགས་པ་རེད། ཐེངས་འདིའི་དམག་སྦྱོང་ནི་གཙོ་བོ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་དཔུང་སྡེའི་ལས་ཀའི་བྱང་ཚད་སྔར་བས་མཐོར་འདེགས་གཏོང་བ་དང་། དཔུང་སྡེའི་འཛུགས་སྐྲུན་ཚད་ལྡན་ཅན་དུ་འགྲོ་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བ་དང་། སྤྱོད་སྟངས་བཟང་བ། ལས་ཀར་བྱང་བ། སྒྲིག་ལམ་དམ་པ་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་དཔུང་སྡེ་གསོ་སྐྱོང་བྱ་བའི་ཆེད་དུ་སྤེལ་བ་ཡིན་ལ། དམག་སྦྱོང་གིས་ཟབ་སྦྱོང་ལ་སྐུལ་འདེད་བྱས་ཏེ་སློབ་གཉེར་བའི་རང་འགུལ་རང་བཞིན་མཐོར་འདེགས་བཏང་བར་མ་ཟད།  མཐུན་སྒྲིལ་མཉམ་ལས་ཀྱི་བསམ་བློ་དང་སྙིང་སྟོབས་སྔར་ལས་ཇེ་ཆེར་བསྐྱེད་པ་རེད།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།

ཐེངས་འདིའི་དམག་སྦྱོང་དུ་སློབ་གཉེར་བ་120ལྷག་ཡོད་ཅིང་། ནང་དོན་ཐད་གཙོ་བོ་ཁྲིམས་འཛིན་ལག་བརྡ་དང་གྲལ་སྒྲིག་གཟུགས་བརྙན།བྱ་སྤྱོད་ཚད་ལྡན།  སྲིད་འཛིན་གུས་ལུགས།སྤྱོད་སྟངས་སྒྲིག་ལམ་སོགས་བཀོད་སྒྲིག་བྱས་ཡོད།  དམག་སྦྱོང་གོ་རིམ་ལྡན་ཞིང་བདེ་བླག་ངང་སྤེལ་བའི་ཆེད་དུ་རང་རེའི་སློབ་གླིང་གིས་《ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་འཛིན་གྲྭའི་དམག་རྩལ་སྦྱོང་བརྡར་ལག་བསྟར་ཇུས་གཞི་》གཏན་འབེབས་བྱས་པ་དང་། དམག་སྦྱོང་དགེ་རྒན་གྱིས་ཀྱང་སློབ་མའི་ལོ་ཚོད་དང་ལུས་ཕུང་སོགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ་དམག་རྩལ་སྦྱོང་བརྡར་དང་དེར་འབྲེལ་གྱི་བྱ་འགུལ་གཞན་དག་ཟུང་འབྲེལ་བྱས་ནས་ཟབ་སྦྱོང་བྱེད་ཐབས་གསར་བ་ཞིག་བཟོས་པ་ཡིན།  དེ་ལ་ཞོགས་སྦྱོང་དང་གྲལ་སྒྲིག་སྦྱོང་བརྡར།ལུས་ཤུགས་སྦྱོང་བརྡར།རང་དངོས་བསྡུ་གསོག་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་བྱེད་ཐབས་རབ་དང་རིམ་པ་ཡོད་པས།སློབ་མའི་སྒྲིག་ལམ་གྱི་རང་བཞིན་མཐོར་འདེགས་གཏོང་ཐུབ་པ་མ་ཟད།འཚོ་བའི་གོམས་གཤིས་བཟང་བོ་གསོ་སྐྱོང་བྱས་པ་དང་ལུས་གཞི་ཡང་ཇེ་བདེར་བཏང་བ་རེད།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།

 ཟླ་5བའི་ཚེས་13ཉིན།གཟའ་འཁོར་གཅིག་རིང་གི་དམག་རྩལ་སྦྱོང་བརྡར་མཇུག་རྫོགས་པ་དང་། སློབ་གཉེར་བ་རྣམས་ཀྱིས་གྲལ་གཅིག་པའི་གོམ་སྟབས་སྤོ་བཞིན་དམག་སྦྱོང་མཇུག་བསྒྲིལ་བ་རེད། སློབ་མ་དག་གིས་བཤད་རྒྱུར། ཐེངས་འདིའི་དམག་སྦྱོང་དུས་ཚོད་ཐུང་རུང་ཐོབ་བྱ་མང་ལ། དམག་སྦྱོང་བརྒྱུད་དེ་ཐོབ་པའི་ཤེས་བྱ་དག་དངོས་ཡོད་ཀྱི་འཚོ་བ་དང་བྱ་བའི་ལས་གནས་སྟེང་དུ་བཀོལ་སྤྱོད་བྱ་རྒྱུ་དང་། ཁྱོན་ཡོངས་ཀྱི་འདུ་ཤེས་དང་སྤྱོད་ཚུལ་གྱི་འདུ་ཤེས། སྔོན་གཏོད་ལེགས་བརྩོན་གྱི་འདུ་ཤེས་སོགས་གསར་བཞེངས་བྱས་ཏེ་བསམ་བློ་སྤྱོད་སྟངས་དང་སྒྲིག་ལམ་གྱི་འཛུགས་སྐྱོང་དེ་དུས་རྒྱུན་གྱི་ཟབ་སྦྱོང་དང་སློབ་སྦྱོང་འཚོ་བའི་ཁྲོད་དུ་བེད་སྤྱོད་དང་ལག་ལེན་བྱ་རྒྱུ་ཡིན་ཞེས་བཤད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་སློབ་ཁྲིད་ལག་ལེན་གནས་གཞི་བཙུགས་པ།

མཉམ་རོལ།: