rss

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


ཟླ་5བའི་ཚེས་6ཉིན།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས་ཤིང་། ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུན་ཝེ་ལགས་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་། ཞིང་ཨུའི་སྲིད་ཁྲིམས་ཨུའི་ལས་བྱེད་ཁྲུའུ་ཡི་ཁྲུའུ་ཀྲང་ཏུང་ཀྲའོ་ཧྲིན་གྱིས་སློབ་མགོ་རྩོམ་པར་མགོ་འཛིན་མཛད། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡང་ཙའོ་ཞིན་གྱིས་གུས་ཚིག་ཕུལ།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

སུན་ཝེ་ཡིས་བསྟན་དོན།  ལས་བྱེད་མི་སྣ་ལ་སློབ་གསོ་གཏོང་བའི་ཟབ་སྦྱོང་བྱ་བ་ནི་སྤུས་ཚད་མཐོ་བའི་ལས་བྱེད་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པའི་སྣེ་སྟོན་རང་བཞིན་དང་།  རྨང་གཞི་རང་བཞིན།  ཐབས་ཇུས་རང་བཞིན་ལྡན་པའི་ལས་གཞི་ཞིག་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་བཞག་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་གྱི་ལས་གཞིའི་ཁྲོད་གལ་ཆེ་བའི་གོ་གནས་དང་ནུས་པ་ཐོན་ཡོད།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་འཛིན་གྲྭ་སྤེལ་བ་འདི་ནི།  སྤྱི་ཁྱབ་ཧྲུའུ་ཅུའུ་ཞི་ཅིན་ཕིན་ཡིས་སྲིད་ཁྲིམས་ལས་བྱེད་མི་སྣའི་དཔུང་སྡེ་འཛུགས་བསྐྲུན་བྱེད་པའི་བླང་བྱའི་བྱ་ཐབས་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱེད་པ་ཡིན་པར་མ་ཟད།  སྐད་གཉིས་སྲིད་ཁྲིམས་ལས་བྱེད་མི་སྣ་“མི་སྟོང་གི་འཆར་གཞི་”དོན་ཐོག་ཏུ་འཁྱོལ་བ་དང་།  སྐད་གཉིས་སྲིད་ཁྲིམས་ལས་བྱེད་མི་སྣ་གསོ་སྐྱོང་ཐད་ལ་ཤུགས་བསྣོན་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།  ངེས་པར་དུ་མི་རིགས་ས་ཁུལ་གྱི་བོད་རྒྱ་སྐད་གཉིས་སྲིད་ཁྲིམས་ལས་བྱེད་མི་སྣའི་ཆབ་སྲིད་བྱང་ཚད་དང་།  ལས་དོན་གྱི་ནུས་པ་དང་བོད་རྒྱ་སྐད་གཉིས་ཀྱི་ནུས་པའི་ཆུ་ཚད་ལ་རྨང་གཞི་བརྟན་པོ་ཞིག་འདིང་ངེས་ཡིན་ཞེས་གསུངས།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

   སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་།  ཁྲིམས་ཁང་དང་།  ཞིབ་དཔྱོད་ཁང་།  སྤྱི་བདེ།  སྲིད་ཁྲིམས་སྡེ་ཁག་ནས་ཡོང་བའི་སློབ་མ་བཞི་ཡིས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་གནང་ཞིང་།  ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁག་སོ་སོ་ནས་ཡོང་བའི་སློབ་མ་120མཛད་སྒོར་ཞུགས་ནས་ཟླ་ངོ་དྲུག་གི་ཟབ་སྦྱོང་ལ་ཞུགས་པའི་བློ་ཐག་བཅད་ཡོད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་འཛིན་གྲྭས་དམག་རྩལ་སྦྱོང་བརྡར་སྤེལ་བ།

མཉམ་རོལ།: