rss

ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།


ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།

ཟླ་4བའི་ཚེས་15ཉིན།ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཧོ་ཝིན་པིན་འཁོར་དང་བཅས་བ་མི་10ལྷག་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ལ་ཕེབས་ཏེ་མི་རིགས་ཁྲིམས་ལུགས་རིག་གནས་འཛུགས་སྐྲུན་དང་མགོ་ཁྲིད་ལས་བྱེད་པའི་ཁྲིམས་ལུགས་སློབ་གསོ་ཟབ་སྦྱོང་གནས་གཞི་སོགས་ཀྱི་བྱ་བར་མཛུབ་སྟོན་དང་རྟོག་ཞིབ་བྱས།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་རིན་ཅིན་ཀའོ་དང་།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡཱང་ཙོ་ཞིན།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཞོ་ཀྲིན།ཞིང་ཆེན་ཁྲིམས་ཁང་ཆབ་སྲིད་པུའུ་ཡི་སློབ་གསོ་ཁྲུའུ་ཁྲུའུ་ཀྲང་གཞོན་པ་ཕིན་ཁུང་སོགས་མཉམ་དུ་རྟོག་ཞིབ་ལ་ཕེབས་པ་རེད།

ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།

རྟོག་ཞིབ་ཚན་ཆུང་གིས་སྔ་ཕྱིར་ཀྲུང་གོའི་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་དང་།ཁྲིམས་ལུགས་རིག་གནས་ཀྱི་འབུར་བརྐོས།སྣ་འཛོམས་ཚོགས་ཁང་།རིག་གནས་ཁྱམས་རྭ་སོགས་ཁྲིམས་ལུགས་རིག་གནས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་མོ་བྱས་བ་དང་།《སྐད་གཉིས་ཀྱི་ཟམ་ཆེན་བསྐྲུན་ནས་ཁྲིམས་སྐྱོང་གི་ལམ་ཆེན་འགྲིམས་པ》ཞེས་བ་དང་《འཛམ་གླིང་བང་གིས་བསྐོར་བར་ཁྲིམས་ཀྱི་རྟ་ལ་བྲརྟེན》ཞེས་བའི་དྲིལ་བསྒྲགས་ཆེད་དོན་བརྙན་འཕྲིན་ལ་བལྟས་ཤིང་།   བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་དང་འབྲེལ་འདྲིས། འགོ་ཁྲིད་ལས་བྱེད་མི་སྣའི་ཁྲིམས་ལུགས་སློབ་གསོ་ཟབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་ཆེད་དམིགས་ཀྱིས་རྟོག་ཞིབ་གནང་བ་རེད།

ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།

རྟོག་ཞིབ་ཚན་ཆུང་གིས་བཤད་རྒྱུར།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནི་མི་རིགས་ས་ཁུལ་དུ་རྐང་བཙུགས་ཏེ་རང་ཞིང་དང་ཐ་ན་རྒྱལ་ཡོངས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་།ཕྱི་ཕྱོགས་ཀྱི་སྲིད་ཁྲིམས་འབྲེལ་འདྲིས།  མི་རིགས་ཁྲིམས་སྐྱོང་རིག་གནས་དྲིལ་སྒྲོག  བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་བསླབ་དེབ་སྒྲིག་རྩོམ་སོགས་ཀྱི་ཕྱོགས་སུ་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ལ།  ལས་དོན་ཁག་སོ་སོས་གྲུབ་འབྲས་བཟང་བོ་བླངས་ཤིང་།  ཆེས་མཐོ་མི་དམངས་ཁྲིམས་ཁང་དང་།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཚོགས།ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོན་པོས་གདེངས་འཇོག་དང་ངོས་ལེན་བྱས་ཡོད།  མ་འོང་བར་སློབ་གླིང་གིས་དུས་སྐབས་གསར་པའི་ལས་ཀའི་དམིགས་ཚད་དང་བླང་བྱ་ལ་དམིགས་ཏེ།མུ་མཐུད་དུ་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་དང་། མི་རིགས་ཁྲིམས་སྐྱོང་རིག་གནས་ཞིབ་འཇུག རྒྱལ་སྤྱིའི་སྲིད་ཁྲིམས་མཉམ་ལས་འབྲེལ་འདྲིས་བཅས་ཀྱི་ཐད་ལ་ཤུགས་བསྣན་ནས།  སློབ་གླིང་འདིའི་གར་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་བེད་སྤྱོད་གང་བཟང་བྱས་ཏེ། ཆུ་ཚད་མཐོ་ཞིང་ཁྱད་ཆོས་ལྡན་ལ།གཞི་ཁྱོན་ཆེ་བའི་སློབ་གླིང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱ་དགོས་ཟེར།

ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།

 

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་མི་སྣའི་བོད་རྒྱ་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

མཉམ་རོལ།: