rss

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


ཟླ4བའི་ཚེས་23ཉིན།ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས་ཤིང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མིའམ་ཆབ་སྲིད་པུའུ་ཀྲུའུ་རིན་སུང་ཝེ་ལགས་འཛིན་གྲྭ་འཚོགས་པའི་མཛད་སྒོའི་སྟེང་ཕེབས་ཤིང་གསུང་བཤད་གལ་ཆེན་གནང་བ་དང་།ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཨན་གོ་ཆིན་ལགས་ཀྱིས་ཚོགས་ཐོག་ནས་གཏམ་བཤད་གལ་ཆེན་གནང་བ་རེད།

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་འཛིན་གྲྭ་དེ་ཀན་སུའུ་ཁྲིམས་དཔོན་སློབ་གླིང་ནས་བདེ་བླག་ངང་འཚོགས་ཐུབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་བའི་བླང་བྱ་དེ་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བའི་ཇུས་བཀོད་གཙོ་བོ་དང་།སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཆབ་སྲིད་ཀྱི་བྱང་ཚད་དང་།ལས་ཀའི་བྱང་ཚད།སྒྲིག་ཁྲིམས་ལག་བསྟར་གྱི་ནུས་བ་བཅས་མཐོར་འདེགས་གཏོང་བའི་ཐབས་བཀོད་གཙོ་བོ་ཞིག་ཡིན་ལ།2018ལོའི་ཟླ7་པའི་ཚེས་16ཉིན་ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་བར་བཞག་པའི《ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་མཉམ་འཛུགས་མཉམ་སྤྱོད་ཀྱི་མཉམ་ལས་འཐབ་ཇུས་ཆིངས་ཡིག་སྐོར་》ལག་བསྟར་བྱེད་པའི་ཐབས་ཇུས་གཙོ་བོའང་ཡིན། འདིས་ཕྱོགས་ཡོངས་ནས་ལྕགས་ལམ་སྡེ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་བྱང་ཚད་དང་ནུས་བ་མཐོར་འདེགས་གཏོང་རྒྱུར་ཕན་པ་དང་།ཕྱོགས་གཉིས་ཀའི་མཉམ་ལས་འཕེལ་རྒྱས་ཀྱི་འཕྲིན་ལས་ལམ་བུ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཐུབ།ཟབ་སྦྱོང་མ་བྱས་པའི་སྔོན་ལ།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཟབ་སྦྱོང་ཐད་ཀྱི་རེ་བ་དང་།སློབ་ཁྲིད་སྒྲིག་བཀོད།  དགེ་རྒན་གྱི་དཔུང་སྡེའི་འགན་སྲུང་།   ཟས་སྡོད་བཀོད་སྒྲིག      ཞབས་ཞུ་འགན་སྲུང་སོགས་ཀྱི་ཕྱོགས་ནས་ལན་ཀྲུའུ་ཅུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་སྡེ་ཁག་དང་འབྲེལ་འདྲིས་ཐེངས་མང་བྱས་ནས་ཟབ་སྦྱོང་བྱ་བའི་འཆར་གཞི་གསལ་བོ་ཞིག་བཟོས་ཡོད།དགེ་རྒན་གྱི་ཕྱོགས་ནས་ལས་གཞིའི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལས་གནས་ཀྱི་འགོ་ཁྲིད་གདན་ཞུ་བྱས་ཡོད་པ་དང་།ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ལན་ཀྲུའུ་སློབ་གྲྭ་ཆེན་མོ།ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་སོགས་ལས་ཁུངས་ནས་ཆེད་མཁས་དང་ལས་དོན་ཉམས་ལེན་མི་སྣ་གདན་འདྲེན་བྱས་ཡོད་པ་དང་།གཞན་ཟབ་སྦྱོང་གི་བྱེད་སྟངས་ནི་ཕྱོགས་བསྡུས་ཟབ་སྦྱོང་དང་སློབ་ཁྲིད་ལག་ལེན།ཆེད་དོན་སློབ་སྦྱོང་།ཁག་བགོས་བགྲོ་གླེང་སོགས་རྣམ་པ་མི་འདྲ་བ་མང་པོའི་སྒོ་ནས་སྤེལ།

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ཞིག་ཡིན་པ་དང་།ཨེ་ཤེས་ཡ་དབུས་ནུབ་རྒྱལ་ཁབ་ཀྱི་ཁྲིམས་དཔོན་ཟབ་སྦྱོང་དང་འབྲེལ་འདྲིས་ཀྱི་སྟེགས་བུ་གཙོ་བོ་ཞིག་ཡིན་ལ།རང་ཞིང་གི་ཁྲིམས་ལུགས་ཤེས་ལྡན་མི་སྣ་ཟབ་སྦྱོང་འབྲེལ་འདྲིས་བྱེད་སའི་གནས་ཡུལ་གཙོ་བོའང་ཡིན།་ཁྲིམས་ལུགས་དྲིལ་སྒྲོག་དང་སློབ་གསོ་ཟབ་སྦྱོང་།ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད།2019ལོའི་ཟླ་2བའི་ཚེས་20ཉིན།ཀན་སུའུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་གནས་གཞི་དེ་ཀན་སུའུ་ཁྲིམས་དཔོན་སློབ་གླིང་ནས་བཙུགས་ཤིང་།དེས་རང་ཞིང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་ལ་ལམ་ཕྱོགས་གསར་བ་ཞིག་བཏོད་ཡོད་པར་མ་ཟད།སྣ་མང་ཅན་དང་ཆེད་ལས་ཅན་གྱི་འབྲེལ་འདྲིས་ཟབ་སྦྱོང་གི་གར་སྟེགས་གསར་བ་ཞིག་ཀྱང་མཁོ་འདོན་བྱས་ཡོད།

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཟབ་ཞུགས་སློབ་མས་མགྲིན་གཅིག་ཏུ་བཤད་རྒྱུར།སློབ་གླིང་འདིའི་རྨང་གཞི་འཛུགས་སྐྲུན་བྱས་པ་འཐུས་ཚང་ཞིང་།སློབ་གསོའི་ཟབ་སྦྱོང་དང་སློབ་སྦྱོང་འབྲེལ་འདྲིས་བྱེད་སའི་གནས་མཆོག་ཅིག་ཏུ་ཆགས་ཡོད།ཐེངས་འདིའི་ཟབ་སྦྱོང་བརྒྱུད་དེ་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་།གཞུང་ལུགས་ཀྱི་འབྱུང་ཁུངས་དང་རིག་གནས་ཀྱི་རྨང་གཞི་ལ་ངོས་ཟིན་ཟབ་མོ་ཐོབ་ནས།ལག་ལེན་གྱི་ཉམས་མྱོང་དང་བདེན་དོན་གྱི་ནུས་བ་བསྡུ་ལེན་གང་ལེགས་བྱས་ཏེ་ལྕགས་ལམ་ཁྲིམས་ལུགས་ཞིབ་བཤེར་བྱ་བ་ཚད་མཐོ་སྒོས་འཕེལ་རྒྱས་གཏོང་པར་སྐུལ་འདེད་གཏོང་བ་དང་།མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བཤད།

ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།
རྩོམ་ཅོག་མ།:ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་ཀན་སུའུ་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་གནང་བ།

མཉམ་རོལ།: