rss

ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཟླ་4བའི་ཚེས་13ཉིན།  ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།  གཞི་རིམ་བྱ་བ་སྒྲུབ་པའི་གྲོང་སྡེའི་ལས་བྱེད་པ་59ཐེངས་འདིའི་ཟབ་སྦྱོང་དུ་ཞུགས་པ་དང་།  ཀླུ་ཆུ་རྫོང་གི་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་རྡོ་རྗེ་རབ་བརྟན་ལགས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཤིང་གཏམ་བཤད་གནང་།

ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཐེངས་འདིའི་ཟབ་སྦྱོང་ནི་མིག་སྔར་ལ་གཞི་བྱས་ནས་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་ལ་དམིགས་ཏེ།  ཅི་ཞིག་མ་འདང་ན་དེ་ཁ་གསབ་རྒྱག་པ་དང་གནད་དོན་ཅི་ཞིག་ཡོད་ན་དེ་མྱུར་དུ་སེལ་བའི་རྩ་དོན་གཞིར་བཟུང་ནས།  ཟབ་སྦྱོང་གི་བསླབ་ཚན་བཀོད་སྒྲིག་ལེགས་པོ་བྱས་ཡོད་དེ།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྱི་དགོངས་འགྲེལ་དང་ཁྲིམས་གཞུང་གསབ་ཁྲིད།  གནད་འཁེལ་དབུལ་སྐྱོར།  སྲིད་གཙང་སློབ་གསོ་སོགས་གཞུང་ལུགས་ཐད་ཀྱི་བསླབ་ཚན་བཀོད་སྒྲིག་བྱས་ཡོད་པར་མ་ཟད།  དཔེ་སྟོན་གྲོང་སྡེ་ལ་ལྟ་སྐོར་དང་འབྲུག་ཆུའི་འདམ་རུད་དྲན་གསོ་ཁང་ནས་ཡུལ་དངོས་སློབ་ཁྲིད།  ཕན་ཚུན་བསམ་བློ་བརྗེ་རེས་དང་དཔྱད་གླེང་བྱེད་པ་སོགས་ལག་ལེན་ཐད་ཀྱི་བསླབ་ཚན་ཡང་བཀོད་སྒྲིག་བྱས་ཡོད་པས།  ཟབ་སྦྱོང་གི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པར་བཏང་།

ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

 

ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན།  ཟབ་སྦྱོང་ལ་ཞུགས་པའི་སློབ་གཉེར་བ་རྣམས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་དང་།  ཟབ་སྦྱོང་ལས་ཐོབ་བའི་ཤེས་བྱ་དེ་དག་རང་ཉིད་ཀྱི་བྱ་བའི་ཁྲོད་དུ་བཀོལ་སྤྱོད་གཏོང་ཐུབ་པར་བྱེད་དགོས་ཞེས་གསུངས་སོ། །

ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།
རྩོམ་ཅོག་མ།:ཀྲུང་གོའི་ལྕགས་ལམ་ལན་ཀྲུའུ་ཅུའི་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་མི་སྣའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

མཉམ་རོལ།: