rss

ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཟླ4བའི་ཚེས9ཉིན།  ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱ་བའི་ཟབ་སྦྱོང་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།  ཞིང་ཆེན་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་བྱ་བ་བྱེད་མཁན་གྱི་ཁྲིམས་དཔོན་95ཟབ་སྦྱོང་ལ་ཞུགས།  ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་གླིང་གཙོ་གཞོན་པ་ཀྲང་ཕིན་ཟབ་སྦྱོང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡང་ཙའོ་ཞིན་གྱིས་གུས་ཚིག་ཕུལ།  ཞིང་ཆེན་ཁྲིམས་ཁང་གི་སྲིད་འཛིན་ཐིན་གྱི་ཐིན་ཀྲང་མའོ་ཧྲིན་ལིས་སློབ་མགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད། 

ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཀྲང་ཕིན་གྱིས་བསྟན་དོན།  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་དམིགས་ཡུལ་ནི་གཏིང་ཟབ་སྒོས་ཞི་ཅིན་ཕིན་གྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙིང་སྟོབས།  ཡང་དག་སྒོས་མིག་སྔར་སྲིད་འཛིན་འདྲི་གཅོད་ཐད་འཕྲད་པའི་གནས་བབ་གསར་བ་དང་འགན་འཁུར་གསར་བ།  ཕྱོགས་ཡོངས་ནས་སྲིད་འཛིན་འདྲི་གཅོད་ལག་ལེན་ཁྲོད་ཀྱི་འདུ་ཤེས་གསར་བ་དང་རེ་བ་གསར་བ།  ནན་ཏན་སྒོས་ཉམས་མྱོང་ཕྱོགས་སྡོམ་དང་།  མི་འདང་བ་ཁ་གསབ་རྒྱག་པ།  ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་པ།ནུས་ཡོད་སྒོས་དཀའ་ངལ་ཁྱད་དུ་སེལ་ནས་སྔར་ལས་ལྷག་པར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་བྱ་བའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས་ཟེར།

ཀྲང་ཕིན་གྱིས་ད་སྔ་དང་རྗེས་ཕྱོགས་སུ་ཞིང་ཆེན་ཁྲིམས་ཁང་སྲིད་འཛིན་འདྲི་གཅོད་བྱ་བ་ལ་བཀོད་སྒྲིག་བྱས་པ་མ་ཟད་རེ་བ་གསུམ་བཏོན།  ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་།  བསམ་བློ་གཅིག་གྱུར་ལ་ངོས་ཟིན་ཐོབ་པ།  ཡང་དག་སྒོས་མིག་སྔར་སྲིད་འཛིན་འདྲི་གཅོད་ལ་འཕྲད་པའི་གནས་བབ་གསར་བ་དང་འགན་འཁུར་གསར་བ་མཐོར་འདེགས་གཏོང་དགོས་པ་དང་གཅིག     སྲིད་ཁྲིམས་ཀྱི་འདུ་ཤེས་བསྒྱུར་བཅོས་དང་།  ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ།  ཡང་དག་པའི་སྒོ་ནས་སྲིད་འཛིན་འདྲི་གཅོད་ཁྲོད་ཀྱི་གནས་ཚུལ་གསར་བའང་གནད་དོན་གསར་བ་ཐག་གཅོད་དགོས་པ་དང་གཉིས།  ཞན་པ་ལ་ཁ་གཏད་ནས་མུ་མཐུད་དུ་ཡང་དག་སྒོས་ཤུགས་སྤྱད་ནས་སྲིད་འཛིན་འདྲི་གཅོད་ཁྲོད་འབུར་ཐོན་གནད་དོན་ཐག་གཅོད་བྱ་དགོས་པ་དང་གསུམ།

ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

 ཀྲང་ཕིན་གྱིས་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ལ་ཉིན་བཞི་རིང་གི་ཟབ་སྦྱོང་ཁྲོད།  བར་ཆད་སེལ་བ་དང་།  སེམས་ལྷོད་ལ་འབབ་པ།  ནན་ཏན་གྱིས་སློབ་ཁྲིད་ལ་ཉན་པ།  གཏིང་ཟབ་སྒོས་བསམ་བློ་གཏོང་བ།  ནན་ཏན་སྒོས་ལས་སྒོའི་ཤེས་བྱ་ཞིབ་འཇུག་བྱས་ནས།  གཏིང་ཟབ་ཀྱིས་འདྲི་གཅོད་ཉམས་མྱོང་ལ་འབྲེལ་འདྲིས་དང་།  སྦྱངས་བ་གོ་ཆོད་དང་སློབ་པ་ལ་འབྲས་བུ་འབྱུང་དགོས་པའི་རེ་བ་བཏོན།

ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་བྱེད་སྒོའི་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཧྲང་ཧེ་སྲིད་ཁྲིམས་སློབ་གླིང་(ཀྲུང་གོ་ཧྲང་ཧེའི་མཉམ་འབྲེལ་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཁྲིམས་འཛིན་བརྗེ་རེས་དང་མཉམ་འབྲེལ་ཟབ་སྦྱོང་གནས་གཞི) གི་རྟོག་ཞིབ་ཚོགས་པ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་ནུབ་རྒྱབ་ཁབ་ཁག་གི་ཁྲིམསདཔོན་འབྲེལ་འདྲིས་ཟབ་སྦྱོང་གནས་གཞི་ལ་ཕེབས་པ།་
རྩོམ་ཅོག་མ།:ཀླུ་ཆུ་རྫོང་གཞི་རིམ་ལས་བྱེད་པའི་ནུས་པ་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

མཉམ་རོལ།: