rss

ཞིང་ཆེན་ཡོངས་ཀྱི་གདན་ཞུའི་ལམ་ལུགས་ཟིན་འགོད་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཟླ་3པའི་ཚེ་26ཉིན།  ཞིང་ཆེན་ཡོངས་ཀྱི་གདན་ཞུའི་ལམ་ལུགས་ཟིན་འགོད་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས་ཤིང་།  2018ལོའི་དཔྱད་ཞིབ་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པའི་ཟིན་འགོད་པ་136ཐེངས་འདིའི་ཟབ་སྦྱོང་དུ་ཞུགས།

ཞིང་ཆེན་ཡོངས་ཀྱི་གདན་ཞུའི་ལམ་ལུགས་ཟིན་འགོད་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཁྲིམས་ཁང་གི་ཆབ་སྲིད་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་སྒྲུབ་འགན་ཁུར་བ་ཡིན།  དེ་ལྟར་བྱེད་དོན་གཙོ་བོ་ནི་གཟའ་འཁོར་གཅིག་རིང་ཟབ་སྦྱོང་བྱས་ཏེ་རྒྱ་ཆེའི་ཟིན་འགོད་པའི་འགན་འཁུར་འདུ་ཤེས་སྔར་བས་ཇེ་ཆེར་གཏོང་རྒྱུ་དང་།  ལས་སྒྲུབ་ཆུ་ཚད་དང་ལས་རིགས་ཀྱི་བྱང་ཚད་ཇེ་མཐོར་བཏང་ནས།  ཤུགས་ཆེན་སྒོས་ཚད་ལྡན་ཅན་དང་ཆེད་ལས་ཅན།  ལས་རིགས་ཅན་བཅས་ཀྱི་ཟིན་འགོད་པའི་དཔུང་སྡེ་ཞིག་བསྐྲུན་དགོས་པ་དེ་ཡིན།  སློབ་ཁྲིད་བཀོད་སྒྲིག་གི་ཐད་ནས་ཞིང་ཆེན་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་བྱ་བ་དངོས་དང་ཟིན་འགོད་པའི་ལས་གནས་ཀྱི་ངོ་བོ་གཉིས་ལ་དམ་ཟབ་སྒོས་ཟུང་འབྲེལ་བྱས་ནས།  གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན།  ཆེད་དམིགས་རང་བཞིན་བཅས་འབུར་དོད་དུ་བཅུག་སྟེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་འགྲེལ་དང་།  ཁྲིམས་གཞུང་གསབ་ཁྲིད།  ཟིན་འགོད་པའི་ལས་དོན་འགྲེལ་བཤད་སོགས་ཀྱི་སློབ་ཁྲིད་བཀོད་སྒྲིད་བྱས་པར་མ་ཟད།  སྲིད་གཙང་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་སློབ་གསོའི་གནས་གཞིའི་ཡུལ་དངོས་སློབ་ཁྲིད།  དཔྱད་གླེང་དང་བསམ་བློ་བརྗེ་རེས་སོགས་བྱས་ཏེ་ཟབ་སྦྱོང་གི་རྣམ་པ་ཕུན་སུམ་ཚོགས་པར་བཏང་།

ཞིང་ཆེན་ཡོངས་ཀྱི་གདན་ཞུའི་ལམ་ལུགས་ཟིན་འགོད་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན།  ཟབ་སྦྱོང་ལ་ཞུགས་པའི་སློབ་གཉེར་བ་རྣམས་ཀྱིས་ཕྱོགས་བསྡུས་བྱང་ཚད་དང་ལས་སྒྲུབ་ཆུ་ཚད་མཐོར་འདེགས་བཏང་སྟེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  རྒྱ་ཆེའི་ཟིན་འགོད་པ་རྣམས་ལ་མིག་དཔེ་བཟང་པོ་བསྟན་ཏེ།  ཕུགས་འདུན་ཡིད་ལ་དམ་པོར་བཅངས་ནས་ཁྲིམས་སྐྱོང་གི་དད་ཞེན་བརྟན་སྲུང་དང་།  ཁྲིམས་འཛིན་ལས་དོན་ལ་བློ་དཀར་བ།  ལས་གནས་ལ་གཅེས་སྤྲས་བྱེད་པ།  ནན་ཏན་སྒོས་འགན་འཁྲི་སྒྲུབ་པ།  འདྲི་གཅོད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ་བཅས་བྱས་ནས།  ཐོག་མའི་ཕུགས་འདུན་མི་བརྗེད་པ་དེ་མི་ཚེ་གང་བོའི་རེ་སྙེག་ཏུ་སྒོམ་སྟེ།  ཧུར་ཐག་སྒོས་ཁྲིམས་འཛིན་ལག་ལེན་ཁྲོད་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་དུ་འཇུག་དགོས་པ་ནན་ཏུ་བསྟན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་“གསུམ.བརྒྱད་”བུད་མེད་དུས་ཆེན་གྱི་བྱ་འགུལ་སྤེལ།
རྩོམ་ཅོག་མ།:ཧྲང་ཧེ་སྲིད་ཁྲིམས་སློབ་གླིང་(ཀྲུང་གོ་ཧྲང་ཧེའི་མཉམ་འབྲེལ་རྩ་འཛུགས་ཀྱི་རྒྱལ་སྤྱིའི་ཁྲིམས་འཛིན་བརྗེ་རེས་དང་མཉམ་འབྲེལ་ཟབ་སྦྱོང་གནས་གཞི) གི་རྟོག་ཞིབ་ཚོགས་པ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་ནུབ་རྒྱབ་ཁབ་ཁག་གི་ཁྲིམསདཔོན་འབྲེལ་འདྲིས་ཟབ་སྦྱོང་གནས་གཞི་ལ་ཕེབས་པ།་

མཉམ་རོལ།: