rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་སྤེལ།


ཏང་གི་འཛུགས་སྐྲུན་གྱིས་བུད་མེད་བྱ་བའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་དང་བུད་མེད་བྱ་བས་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ།  ཁྱོན་ཡོངས་ནས་སློབ་གླིང་གི་བུད་མེད་བྱ་བ་བདེ་བླག་ངང་འཕེལ་རྒྱས་གཏོང་བ་ལ་གོམ་གང་མདུན་སྤོས་སྒོས་སྐུལ་འདེད་བྱེད་ཆེད།  སློབ་གླིང་གི་ཏང་ཨུས་ཆེད་དུ་ཞིབ་འཇུག་བྱས་ཤིང་ཞིང་ཆེན་ཁྲིམས་ཁང་གི་སྡེ་ཁག་ཏང་ཨུ་ལ་སྙན་ཞུ་ཕུལ་ནས་ཆོག་མཆན་ཐོབ་པ་བརྒྱུད་དེ།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་མཆན་འགོད་བཀའ་ལན་ལྟར་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་རེད།   ཟླ་3པའི་ཚེས་8ཉིན།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་གཉིས་ལྷན་དུ་སྤེལ་བ་རེད།  ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོ ན་ཀྲང་དབྱང་ཙོ་ཞིན་གྱིས་ཚོགས་འདུ་ལ་མགོ་འཛིན་གནང་ཞིང་ཏང་ཨུའུ་ཧྲུའུ་ཅི་ལེ་ཞོ་ཀྲིན་གྱིས་གཏམ་བཤད་གནང་པ་རེད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་སྤེལ།

ཚོགས་ཐོག་ཏུ་ཞིང་ཆེན་ཁྲིམས་ཁང་གི་ལས་ཁུངས་ཏང་ཨུས་བཏང་བའི་《ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་སྐོར་གྱི་མཆན་འགོད་བཀའ་ལན་》དེ་སྒྲོག་འདོན་བྱས་ཤིང་།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་གྲ་སྒྲིག་གནས་ཚུལ་བསྒྲགས་པ་དང་།  ལག་པ་བསྒྲེངས་ནས་《ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ཨུ་ཡོན་འདེམ་བསྐོ་བྱེད་ཐབས་》དེ་གྲོས་འཆམ་བྱུང་ཞིང་།  གྲོས་ཞིབ་བྱས་ནས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་འདེམ་འོས་མཁན་དང་འདེམ་ཤོག་ལྟ་ཞིབ་པ།  འདེམ་ཤོག་བརྩི་མཁན་བཅས་ཀྱི་མིང་ཐོ་ལ་གྲོས་འཆམ་བྱུང་བ་རེད།  ཚོགས་ཞུགས་མི་སྣ་རྣམས་ཀྱིས་མིང་མི་འགོད་པའི་འདེམ་ཤོག་འཕེན་ཐབས་བརྒྱུད་དེ་བུད་མེད་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དཔུང་སྡེ་ཞིག་འདེམ་བསྐོ་བྱས་ཤིང་།  དེའི་རྗེས་སུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་གྲོས་ཚོགས་བསྡུས་ནས་ཀྲུའུ་རེན་གཅིག་དང་ཀྲུའུ་རེན་གཞོན་པ་གཅིག་བདམས་པ་དང་།  གསར་དུ་བདམས་ཐོན་བྱུང་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་དབྱང་ཡུ་ཨན་གྱིས་གཏམ་བཤད།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་སྤེལ།

ཧྲུའུ་ཅི་ལེ་ཞོ་ཀྲིན་གྱིས་བསྟན་དོན།  རྒྱ་ཆེའི་བུད་མེད་བློ་མཐུན་རྣམས་ཀྱིས་སློབ་གླིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ནུས་པ་ཆེན་པོ་བཏོན་ཡོད་ལ།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེས།  བུད་མེད་བྱ་བའི་བྱེད་སྒོ་རྒྱ་ཇེ་ཆེར་བསྐྱེད་པར་མ་ཟད།   བུད་མེད་ལས་བཟོ་བ་ཡོངས་ལ་མཚོན་ན་དགའ་འོས་པའི་དོན་ཆེན་ཞིག་ཀྱང་ཡིན།  གསར་དུ་བཙུགས་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆབ་སྲིད་ཤེས་བྱ་མཐོར་འདེགས་བཏང་ནས་བུད་མེད་བྱ་བའི་ཡང་དག་པའི་ཁ་ཕྱོགས་དེ་རྒྱུན་འཁྱོངས་བྱེད་དགོས་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་གསར་བའི་དགོངས་དོན་དེ་མཛུབ་སྟོན་དུ་བསྒོམས་ནས།  “འདུ་ཤེས་བཞི་”བརྟན་པོར་བཙུགས་ཤིང་ “ཡིད་ཆེས་བཞི་”ལ་མུ་མཐུད་དུ་ཤུགས་བསྣན་ཏེ།  བློ་ཐག་རྦད་ཆོད་ཀྱིས་“སྲུང་སྐྱོང་གཉིས་”ལྟར་སྒྲུབ་དགོས་པ་དང་།  གཏིང་ཟབ་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྱིས་གནང་བའི་བུད་མེད་བྱ་བ་སྐོར་གྱི་མཛུབ་སྟོན་དང་བླང་བྱ་གལ་ཆེན་དག་ལག་ལེན་མཐའ་འཁྱོལ་གཏོང་དགོས་པ་དང་།  ཏན་ཏན་ཏིག་ཏིག་སྒོས་གོང་རིམ་རྩ་འཛུགས་ཀྱིས་བུད་མེད་བྱ་བའི་སྐོར་ལ་བཏང་བའི་མཛུབ་སྟོན་བྱེ་བྲག་པ་དེ་དག་ལག་བསྟར་བྱེད་དགོས།  བུད་མེད་རྩ་འཛུགས་ཀྱི་འཐུས་སྒོ་ཇེ་ཚང་ལ་གཏོང་དགོས་པ་དང་།  བུད་མེད་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  སྔོན་ཐོན་རང་བཞིན་དང་རང་རྟོགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ།  རྒྱ་ཆེའི་བུད་མེད་བློ་མཐུན་ལ་སྐུལ་སློང་དང་སྣེ་ཁྲིད་ནས་ཁོ་མོ་ཚོར་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་དང་།   ཧུར་ཐག་སྒོས་སློབ་གླིང་འཕེལ་རྒྱས་ཀྱི་ཐད་ལ་གྲོས་གཞི་འདོན་པ་དང་། “གནམ་གྱི་ཕྱེད་ཀའི་”བློ་གྲོས་དང་སྟོབས་ཤུགས་མངོན་པར་བྱེད་པ།  ལག་རོགས་པ་བཟང་པོ་དང་ཇུས་འདོན་མཁན་གྱི་ནུས་པ་ལེགས་པོར་འདོན་པ་བཅས་བྱེད་དུ་བཅུག་ནས།  སློབ་གླིང་གི་བུད་མེད་རྣམས་སློབ་གླིང་དང་མཉམ་དུ་ཡར་ཐོན་དང་གོང་སྤེལ་བྱེད་དགོས་པར་མ་ཟད།  རང་གི་འབུར་ཐོན་ཁྱད་ཆོས་དེར་ཤུགས་སྣོན་དགོས་པ་དང་སློབ་གླིང་གི་བུད་མེད་བྱ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།  ཧུར་ཐག་སྒོས་“བུད་མེད་ཀྱིས་བྱས་རྗེས་འཇོག་པ་”དང་“བུད་མེད་ཀྱིས་དཔལ་ཡོན་བསྐྲུན་པ”།“མཛེས་སྡུག་ལྡན་པའི་སློབ་གླིང་”སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ཏེ།  སློབ་གླིང་གི་བུད་མེད་ལས་བཟོ་བ་ཚང་མ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉེ་འཁོར་དུ་བསྡུས་ནས།  བུད་མེད་བློ་མཐུན་རྣམས་ཀྱི་བརྩོན་སེམས་སློང་སྐུལ་ཏེ་སློབ་གླིང་དང་ཞིང་ཆེན་ཁྲིམས་ཁང་གི་བྱ་བ་སོ་སོར་སྐུལ་འདེད་བྱེད་པའི་ཁྲོད་བུད་མེད་བློ་མཐུན་གྱི་བློ་གྲོས་དང་འཇོན་ནུས་གང་ལེགས་འདོན་དགོས་ཞེས་གསུངས་སོ། །

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་སྤེལ།

ཚོགས་ཞུགས་བུད་མེད་བློ་མཐུན་རྣམས་ཀྱིས་བཤད་རྒྱུར།  སློབ་གླིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་དེས།  སློབ་གླིང་གི་རྒྱ་ཆེའི་བུད་མེད་བློ་མཐུན་གྱིས་བྱ་བ་སྒྲུབ་པའི་ངར་ཤུགས་སློང་རྒྱུ་དང་།  བུད་མེད་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།  དུས་རབས་གསར་བའི་བུད་མེད་ཀྱི་སྒེག་ཉམས་ཅི་དགར་མངོན་པ་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་རྒྱུ་རེད་ཟེར།


 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་“གསུམ.བརྒྱད་”བུད་མེད་དུས་ཆེན་གྱི་བྱ་འགུལ་སྤེལ།

མཉམ་རོལ།: