rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


ཟླ་3པའི་ཚེས7ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།  ཞིང་ཆེན་ཁྲིམས་ཁང་གི་ སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་རུ་གཙོ་གཞོན་པ་ལི་ཀྲི་ཡོན་གྱིས་སྐུལ་སློང་གི་གཏམ་བཤད་གནང་བ་དང་།    ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲད་མིན་ལི་ཡིས་ཤིས་ཚིག་ཕུལ།  ཞིང་ཆེན་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་རྟོག་ཞིབ་པ་གཞོན་པ་ཡང་ཧའོ་ཝུ་ཡིས་སློབ་མགོ་རྩོམ་པར་འགོ་འཛིན་མཛད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ལིའུ་ཀྲི་ཡོན་གྱིས་ཚོགས་ཐོག་ནས་བསྟན་དོན།   ཐེངས་འདིའི་ཟབ་སྦྱོང་ནི་ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུ་ཡིས་ཚད་མཐོན་པོས་གཙིགས་ཆེན་གནང་ཞིང་སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་དང་ཁྲིམས་དཔོན་སློབ་གླིང་གཉིས་ཀྱིས་ཞིབ་ཏུ་རྩ་འཛུགས་བྱས་ཏེ་སྒྲུབ་པའི་ཟབ་སྦྱོང་ཞིག་ཡིན་པ་མ་ཟད། ཞིང་ཆེན་ཁྲིམས་ཁང་གིས་གཏན་འབེབས་བྱས་པའི་《2019ལོའི་ཞིང་ཆེན་ཡོངས་ཀྱི་ཟབ་སྦྱོང་འཆར་གཞི》་དེ་ལག་ལེན་མཐའ་འཁྱོལ་བྱེད་པའི་བརྗོད་བྱ་གལ་ཆེན་ཞིག་ཀྱང་ཡིན་པ་རེད། འགན་འཁུར་གཙོ་བོ་ནི་《མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ཁྲིམས་འཛིན་ཐོབ་ཐང་རིམ་པའི་རྒྱུགས་ལེན་པའི་གནས་སྐབས་ཀྱི་བྱེད་ཐབས་》་ཀྱི་བླང་བྱ་ལྟར།      2019ལོར་བསྐོ་ཐང་གནང་བར་གྲ་སྒྲིག་བྱས་ཡོད་པའི་ཟབ་སྦྱོང་སློབ་མར་ཚད་ལྡན་གྱི་གཞུང་ལུགས་ཤེས་བྱ་དང་ཉེན་རྟོག་པའི་ལག་རྩལ་ཟབ་སྦྱོང་བྱས་ནས།       ཁྲིམས་འཛིན་ཉེན་རྟོག་པའི་གཞུང་ལུགས་ཐད་ཀྱི་ཤེས་བྱ་དང་ཁྲིམས་ལུགས་ལག་བསྟར་གྱི་འདུ་ཤེས་དང་ཉེན་རྟོག་པའི་ནུས་པ་མཐོར་འདེགས་གཏོང་དགོས་ཟེར། ཁོང་གིས་ཟབ་ཞུགས་སློབ་མ་ཡོངས་ཀྱི་བསམ་བློ་གཅིག་གྱུར་སྒོས་ཐེངས་འདིའི་ཟབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ། མུ་མཐུད་དུ་ཁྲིམས་འཛིན་ཉེན་རྟོག་པའི་ལུས་ཤུགས་དང་ཆེད་ལས་ནུས་རྩལ་མཐོ་རུ་བཏང་སྟེ།  ཕྱོགས་ཡོངས་ནས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།  ཁྲིམས་འཛིན་དྲང་བདེན།   སྒྲིག་ལམ་ནན་མོ་ལྡན་པའི་ཁྲིམས་འཛིན་ཉེན་རྟོག་གི་དཔུང་སྡེ་ཞིག་གསར་འཛུགས་བྱེད་དགོས་ཞེས་རེ་བ་བཏོན།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

 སློབ་མའི་འཐུས་ཚབ་པས་གཏམ་བཤད་གནང་བཞིན་པ།

ཀྲད་མིན་ལི་ཡིས་ཤིས་ཚིག་འབུལ་སྐབས་བསྟན་དོན།    ཞིང་ཆེན་ཁྲིམས་ཁང་གིས་ཆེད་དུ་དུས་ཚོད་དམ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པ་འདི་ལ་དོན་སྙིང་ལྡན་ཞིང་དགོས་གལ་ཤིན་ཏུ་ཆེ།  ཁྲིམས་དཔོན་སློབ་གླིང་གིས་རང་འགུལ་སྒོས་བྱ་བ་སྒྲུབ་པ་དང་།  ཧུར་ཐག་སྒོས་ཞབས་ཞུ་སྒྲུབ་ནས།  ད་ཡོད་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་ཕྱོགས་ཡོངས་ནས་ཟབ་སྦྱོང་གི་བྱ་བར་ཁག་ཐེག་དང་ཟབ་སྦྱོང་གི་འགན་ཁུར་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཤད།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

ཞིང་ཆེན་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་འབྲེལ་ཡོད་བློ་མཐུན་དང་།   ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ལས་བྱེད་མི་སྣ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་སོ་སོ་ནས་ཡོང་སྟེ་ཟབ་སྦྱོང་ལ་ཞུགས་པའི་ཁྲིམས་འཛིན་ཉེན་རྟོག་པ་200ལྷག་སློབ་མགོ་རྩོམ་པའི་མཛད་སྒོར་ཞུགས་ཡོད།

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་འཛུགས་པའི་མཛད་སྒོ་དང་སྐབས་དང་པོའི་བུད་མེད་ཚོགས་ཆེན་སྤེལ།

མཉམ་རོལ།: