rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།


ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།

ཟླ2བའི་ཚེས21ཉིན།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུང་ཝེ་ཡིས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ལས་བྱེད་མི་སྣའི་ ཚོགས་འདུ་ཆེན་མོར་འགོ་འཛིན་མཛད་པ་མ་ཟད་གསུང་བཤད་གལ་ཆེན་གནང་།ཞིང་ཆེན་ཁྲིམས་ཁང་གི་སྡེ་ཁག་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཕིན་གྱིས་སློབ་གླིང་གི་2019ལོའི་ཏང་གི་རྩ་འཛུགས་སྐོར་ཀྱི་བྱ་བར་མཛུབ་སྟོན་དང་བསམ་འཆར་བཏོན།སློབ་གླིང་གི་ཡོན་ཀྲང་ཡང་ཙའོ་ཞིན་གྱིས་2019ལོའི་བྱ་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་ཏང་ཨུའི་ཧྲུའུ་ཅི་ལི་ཞའོ་ཀྲིན་གྱིས་ཏང་གི་རྩ་འཛུགས་ཀྱི་བྱ་བའི་ཕྱོགས་ལ་བཀོད་སྒྲིག་ལེགས་པོ་བྱས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་སྡེ་ཁག་སོ་སོའི་འགན་འཁུར་མི་སྣས་2018ལོའི་བྱ་བ་གཙོ་བོ་དང་2019ལོའི་འཆར་གཞི་སྙན་ཞུ་ཕུལ།ལས་བགོས་འགན་གཉེར་ཡོན་ཀྲང་གཞོན་པས་རང་རང་གི་ལས་འགན་ཐད་ནས་དཔྱད་བརྗོད་གནང་།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།

སུང་ཝེས་བསྟན་དོན།2018ལོར་ཞིང་ཆེན་ཁྲིམས་ཁང་ཏང་ཙུའི་ཡང་དག་པའི་འགོ་ཁྲིད་འོག   སློབ་གླིང་གིས་ཞིང་ཆེན་ཁྲིམས་ཁང་གི་ཐབས་ཇུས་བཀོད་སྒྲིག་ནན་གྱིས་ལག་བསྟར་བྱས་ཏེ་བྱ་བའི་འོས་འགན་སོ་སོ་བདེ་ལེགས་ངང་ལེགས་འགྲུབ་བྱུང་ཞིང་།གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།ཡིན་ཡང་ལོ་གསར་བ་འདིས་ནང་།སློབ་གླིང་གིས་བྱ་བ་ལས་འགན་ལྕི་ལ་དཀའ་ཚེགས་ཆེ་བས་ལས་བྱེད་མི་སྣ་དག་གིས་མུ་མཐུད་ནས་ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའི་འགོ་ཁྲིད་འོག བསམ་བློ་དང་བྱ་སྤྱོད་གཅིག་ཏུ་བསྡུས་ཏེ་ལག་ལེན་དམ་འཛིན་བྱེད་དགོས་པ་དང་།རང་འགུལ་སྒོས་ཐབས་ཇུས་སྣ་ཚོགས་རེ་རེ་བཞིན་ཞིབ་བསྡུར་བྱས་ཤིང་།ལག་བསྟར་གྱི་འགན་འཁུར་ཆེན་མོ་ཕྲག་ཏུ་བླངས་ཏེ་ངེས་པར་དུ་བྱ་བ་སོ་སོ་ཞིབ་ཏུ་དམ་འཛིན་བྱེད་དགོས་པ་སྟེ།ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས་བ་དང་གཅིག འཕེལ་རྒྱས་ཀྱི་ཡིད་ཆེས་གཡོ་མེད་དང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་གཉིས།གཙོ་གནད་འབུར་དུ་ཐོན་ཞིང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་གསུམ།བྱ་བའི་སྤྱོད་སྟངས་བསྒྱུར་ཞིང་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་བཞི།སློབ་གླིང་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ཏེ་ལག་ལེན་མཐའ་འཁྱོལ་བྱེད་དགོས་པ་དང་ལྔ་བཅས་ཀྱི་ཕྱོགས་ནས་བྱ་བ་ལེགས་པོར་སྒྲུབ་དགོས་བ་ནན་དུ་བསྟན།

ཡང་ཙའོ་ཞིན་ཡོན་ཀྲང་གིས་བཤད་རྒྱུར།2019ལོ་ནི་སློབ་གླིང་གི་བྱ་བའི་འགན་ འཁུར་ཤིན་དུ་ལྕི་བའི་ལོ་ཞིག་ཡིན་ལ།སློབ་གླིང་གི་བྱ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ འབྱུང་བའི་གནད་འགག་གི་ལོ་ཞིག་ཀྱང་ཡིན།ལོ་གསར་བའི་ནང་དུ་སློབ་གླིང་གིས་ཞིང་ ཆེན་ཁྲིམས་ཁང་ཏང་ཙུའུ་འགོ་ཁྲིད་འོག ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བྱ་བའི་བསམ་ཕྱོགས་གསེད་བཀྲོལ་བྱེད་པ།ལངས་ཕྱོགས་མཐོན་པོ་དང་བྱེད་ཕྱོགས་ མཐོན་པོ།སྤུས་ཚད་མཐོན་པོ་བཅས་རྒྱུན་འཁྱོངས་བྱས་ནས།ངེས་བར་དུ་བྱ་བའི་སྤྱོད་སྟངས་བསྒྱུར་ཏེ་ལས་བྱེད་དཔུང་སྡེའི་སྤུས་ཚད་མཐོར་འདེགས་གཏོང་བ་དང་།བྱ་བ་སོ་སོ་འགོ་ ཚུགས་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས།ཚད་གཞི་མཐོན་པོ་དང་།སྤུས་ཚད་མཐོན་པོའི་སྒོ་ནས་སློབ་གླིང་གི་བྱ་བཞག་སོ་སོ་གོང་ནས་གོང་དུ་སྤེལ་ཏེ་གྲུབ་འབྲས་གསར་བ་ལེན་རྒྱུ་ཡིན་ཞེས་བསྟན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་2019ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

མཉམ་རོལ།: