rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།


ཟླ2བའི་ཚེས21ཉིན་གྱི་སྔ་དྲོ། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་འགོ་ཁྲིད་མི་སྣའི་དམངས་གཙོ་ཚོགས་འདུ་འཚོགས།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུན་ཝེ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་། ཞིང་ཆེན་ཁྲིམས་ཁང་གི་སྡེ་ཁག་ཏང་ཨུའི་ཧྲུའུ་ཅུའུ་གཞོན་པ་ལི་ཕིན་གྱིས་སྤྱི་ཡོངས་ནས་ཚོགས་འདུ་ལ་ལྟ་རྟོག་མཛད།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅུའུ་ལི་ཞའོ་ཀྲིན་གྱིས་ཚོགས་འདུ་ལ་འགོ་འཛིན་མཛད།ཏང་ཨུའི་ཧྲུའུ་ཅུའུ་གཞོན་པའམ་ཡོན་ཀྲང་ཡང་ཙའོ་ཞིན་སོགས་འགོ་ཁྲིད་མི་སྣ་དང་།སྡེ་ཁག་གི་འགན་འཁུར་མི་སྣ། ཏང་ཡོན་འཐུས་ཚབ་མི་སྣ་སོགས་ཚོགས་འདུར་ཞུགས། 

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།

ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་གཙོར་བཟུང་ནས། ཚོགས་འདུ་མ་ཚོགས་སྔོན་དུ་《2018ལོའི་ཞིང་ཆེན་ཁྲིམས་ཁང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་དམངས་གཙོ་འཚོ་བའི་ཚོགས་འདུ་ལག་བསྟར་གྱི་འཆར་གཞིའི་》་སྙིང་སྟོབས་དྲིལ་བསྒྲགས་བྱས་པ་དང་། ཞིབ་ཚགས་སྒོས་འཆར་གཞི་ཇུས་འགོད་བཟོས་ཏེ་ནན་ཏན་སྒོས་བྱ་བ་ཡོད་ཚད་ལ་བཀོད་སྒྲིག་བཟང་བོ་བྱས། སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གྲོས་བསྡུར་ལ་སློབ་སྦྱོང་བྱེད་པ་དང་གཅིག  བསམ་འཆར་དང་གྲོས་འགོ་རྒྱ་ཆེར་བཏོན་པ་དང་གཉིས། གཏིང་ཟབ་སྒོས་བསམ་བློ་བརྗེ་རེས་བྱེད་པ་དང་གསུམ།  ཞིབ་བསྡུར་སྐྱོན་བཤེར་གྱི་རྒྱུ་ཆ་བཟང་བོར་འབྲི་བ་བཅས་ཕྱོགས་བཞི་ནས་ཚགས་དམ་པོའི་གྲ་སྒྲིག་བྱས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།

ཚོགས་ཐོག་ནས་ཡོན་ཀྲང་ཡང་ཙའོ་ཞིན་གྱིས་2017ལོའི་ལོ་མཇུག་གི་དམངས་གཙོ་འཚོ་བའི་ཚོགས་འདུའི་དག་ཐེར་དོན་འཁྱོལ་བྱ་ཚུལ་གྱི་གནས་ཚུལ་དང་2018ལོའི་སློབ་གླིང་གི་དམངས་གཙོ་འཚོ་བའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས། སློབ་གླིང་གི་ཏང་ཨུའི་ཧྲུའི་ཅུ་ལི་ཞའོ་ཀྲིན་གྱིས་འགོ་ཁྲིད་མི་སྣའི་དངོས་ཡོད་གནས་ཚུལ་དང་བརྗོད་གཞི་གཙོ་བོར་དམིགས་ཏེ། སློབ་གླིང་གི་ཚབ་བྱས་ནས་ཏང་ཨུའི་འགོ་ཁྲིད་ལ་ཞིབ་བསྡུར་སྐྱོན་བཤེར་གང་ལེགས་བྱས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།

ཞིང་ཆེན་ཁྲིམས་ཁང་གི་སྡེ་ཁག་ཏང་ཨུའི་ཧྲུའུ་ཅུའུ་གཞོན་པ་ལི་ཕིན་གྱིས་དཔྱད་བརྗོད་སྤེལ་སྐབས།  ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་གཞི་ཁ་གསལ་ཞིང་གོ་རིམ་ཚད་དང་ལྡན་པ།  ཚོགས་འདུའི་སྔོན་གྱི་གྲ་སྒྲིག་བཟང་བ།    གནད་དོན་བཙལ་བ་ཡང་དག་པ།  རྒྱུ་རྐྱེན་དབྱེ་ཞིབ་བྱས་པ་གཏིང་ཟབ་ཅིང་ཁ་གསལ་བ། ཕན་ཚུན་ལ་སྐྱོན་བརྗོད་ལྷག་བསམ་ཟོལ་མེད་དང་།  གནད་ལ་འཁེལ་བ།  དག་ཐེར་བྱ་ཐབས་ལག་ལེན་དུ་འཁྱོལ་ཐུབ་པ་བཅས་ཀྱི་ཁྱད་ཆོས་ཡོད་ཅེས་བསྟན།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།

ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུན་ཝེ་ཡིས་མཇུག་མཐའི་སྤྱི་བསྡོམས་ཀྱི་གཏམ་བཤད་ཁྲོད།   སློབ་གླིང་གི་འགོ་ཁྲིད་མིི་སྣ་དང་ལས་བྱེད་མི་སྣས་ཚོགས་འདུའི་བརྗོད་གཞི་དང་འབྲེལ་ནས་གཏིང་ཟབ་སྒོས་ཞིབ་བསྡུར་སྐྱོན་བཤེར་བྱས་ཏེ།  མི་རེ་རེས་གནད་དོན་ལ་རྟག་ཞིབ་སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱེད་པ། རྟག་ཞིབ་ཐོབ་པའི་གནད་དོན་ལ་ཐུན་མོང་རང་བཞིན་གྱི་གནད་དོན་ལྡན་ལ། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་གནད་དོན་ཡང་ཡོད། གནད་དོན་དེ་དག་ལ་དམིགས་ནས་དག་ཐེར་བྱེད་ཐབས་བཏོན་ཏེ།  སྤྱི་ཡོངས་ནས་བསམ་བློ་གཅིག་མཐུན་དང་ཁ་ཕྱོགས་གསལ་བ།  སྟོབས་ཤུགས་གཅིག་སྡུད་བཅས་ཀྱི་དམིགས་འདུན་མངོན་འགྱུར་བྱུང་ཡོད་ཅེས་ནན་དུ་བསྟན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་སྤེལ།
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ལས་བྱེད་མི་སྣའི་ཚོགས་འདུ་འཚོགས།

མཉམ་རོལ།: