rss

ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་སྤེལ།


ཟླ་2པའི་ཚེས་20ཉིན་ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་་སྤེལ།  ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི།  ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རིན་ལིའུ་ཁྲང་ལེན་དང་།  ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡོས་ཁྲིན་ཧུའེ།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཀྲང་ཧའེ་པའོ་བཅས་ཀྱིས་མཉམ་དུ་ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་བཀལ་བ་རེད།

ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་སྤེལ།

 ལིའུ་ཁྲང་ལེན་གྱིས་བསྟན་དོན།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནི་རང་ཞིང་གི་རྒྱལ་ཁབ་རིམ་པའི་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་ལྟེ་གནས་ཉག་གཅིག་ཡིན་ཞིང་།  རྒྱལ་ཡོངས་ཀྱི་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་གལ་ཆེན་གྲས་ཀྱི་གཅིག་ཡིན་ལ།  ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་ཟབ་སྦྱོང་དང་འབྲེལ་འདྲེས་བྱེད་སའི་གནས་གཞི་གལ་ཆེན་ཞིག་ཀྱང་ཡིན་ཏེ།  ཁྲིམས་ལུགས་དྲིལ་སྒྲོག་དང་སློབ་གསོ་ཟབ་སྦྱོང་།  ཤེས་ལྡན་མི་སྣ་ཟབ་སྦྱོང་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞི་འདི་ནི་ཀན་སུའུ་ས་ཁོངས་སུ་བཙུགས་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞི་ཆེས་ཐོག་མ་ཡིན་པས།  ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གི་ཐབས་ལམ་གསར་བ་ཞིག་བཏོད་ཅིང་།  རང་ཞིང་གི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་རྣམས་ལ་སྣ་མང་ཅན་དང་ཆེད་ལས་ཅན་གྱི་ཟབ་སྦྱོང་དང་འབྲེལ་འདྲིས་བྱ་བ་སྤེལ་པར་སྟེགས་བུ་གསར་བ་ཞིག་འདོན་སྤྲོད་བྱས་ཡོད་ལ།  དེ་ནི་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་གཞག་གོང་འཕེལ་གཏོང་བའི་ཁྲོད་ཀྱི་དོན་བཟང་ཞིག་ཀྱང་ཡིན་པ་རེད།   སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞི་འདིར་བསྟེན་ནས། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཕྱོགས་སོ་སོའི་ཐོན་ཁུངས་བཟང་བོ་བེད་སྤྱོད་དང་།  འཆར་གཞི་ལྡན་པའི་སྒོས་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་རྣམས་གནས་གཞི་འདིར་ཟབ་སྦྱོང་དུ་ཡོང་བར་རྩ་འཛུགས་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པ་དེ་འགན་འཁྲི་གཙོ་བོར་བཟུང་ནས།  སྒྲིག་བསྟར་ཁྲིམས་བསྟར་གྱི་ནུས་པའི་བྱང་ཚད་ཟབ་སྦྱོང་གི་གཙོ་གནད་དུ་བཟུང་སྟེ།  སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཀྱི་ཆབ་སྲིད་ཀྱི་བྱང་ཚད་དང་ཁྲིམས་ལུགས་ཀྱི་བསམ་གཞིགས།  འགན་སྒྲུབ་ནུས་པ་བཅས་མཐོར་འདེགས་གཏོང་བར་ཤུགས་བསྣན་ནས།  སྒྲིག་ལམ་དང་བཅའ་ཁྲིམས་གཉིས་ཀ་ཤེས་དགོས་པར་མ་ཟད།  སྒྲིག་ལམ་དང་གནས་ལུགས་བརྩི་སྲུང་བྱེད་པའི་ཆེད་ལས་ཅན་གྱི་ལས་བྱེད་ཀྱི་དཔུང་སྡེ་གསར་འཛུགས་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་བ་ཚད་མཐོ་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཞེས་གསུངས་སོ། །

ཀྲང་ཧའེ་པའོ་ཡིས་བསྟན་དོན།2013ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དངོས་སུ་ཚུགས་པའི་ཚུན་ནས། བསྡོམས་པས་སློབ་མ་ཁྲི་གཅིག་དང་སྟོང་དྲུག་ལྷག་གསོ་སྐྱོང་བྱས་པ་དང་།  《རྩ་ཁྲིམས་བསླབ་དེབ》་སོགས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་བསླབ་དེབ་35དཔར་བསྐྲུན་བྱས་ཡོད།  ཆེས་མཐོ་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པའི་མི་རིགས་ཁྲིམས་ལུགས་རིག་གནས་དང་ཁྲིམས་འཛིན་ལག་ལེན་ཞིབ་བསྡུར་ཚོགས་འདུ་སྤེལ་བ་དང་།  རྒྱལ་ནང་གི་ཀྲུང་གོའི་ཁྲིམས་ཁང་མི་རིགས་ཁྲིམས་ལུགས་རིག་གནས་བཤམས་སྟོན་ཁང་ལེགས་གྲུབ་བྱུང་། ཁྲིམས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྐད་གཉིས་བཅའ་ཁྲིམས་བསླབ་དེབ་སྒྲིག་བསྒྱུར་མཛད་ལ།མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་སོགས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད།ཆེས་མཐོ་མི་དམངས་ཁྲིམས་ཁང་དང་།རྒྱལ་ཁབ་དམངས་ཨུད།ཀན་སུའུ་ཞིང་ཨུད།ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གདེང་འཇོག་མཐོན་པོ་གནང་། སློབ་གླིང་ནི་རྒྱལ་ཡོངས་ཀྱི་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་གཙོ་བོ་ཡིན་པ་མ་ཟད། ཀན་སུའུ་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་།  སྲིད་ཁྲིམས་ཉེན་རྟོག་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་མི་སྣ་དང་སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་ཟབ་སྦྱོང་བྱེད་སའི་གནས་གཞི་གཙོ་བོ་ཡང་ཡིན།

ཆེས་མཐོ་མི་དམངས་ཁྲིམས་ཁང་དང་།ཞིང་ཆེན་དམངས་འཐུས།ཞིང་ཨུའི་སྲིད་ཁྲིམས་ཨུ་ལྷན།ཞིང་ཆེན་ཞིབ་དཔྱོད་ཁང་སོགས་ལས་ཁུངས་14ལྷག་གིས་སྔ་གཞུག་ཏུ་སློབ་གླིང་ནས་ཟབ་སྦྱོང་དང་སློབ་ཁྲིད་ལག་ལེན་གྱི་གནས་གཞི་བཙུགས།ཞིང་ཆེན་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་སློབ་གླིང་ནས་ཀན་སུའུ་ཞིང་ཆེན་གྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞི་འཛུགས་རྒྱུ་ཐག་བཅད། དེ་ནི་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་བྱ་བའི་དགོས་མཁོ་སྐོང་ཆེད་ཡིན་པར་མ་ཟད།  སྔར་ལས་ལྷག་པར་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་མི་སྣའི་ཟབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས།ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་མི་སྣའི་འགན་སྒྲུབ་ནུས་པ་མཐོར་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན།

ཞིང་ཆེན་སྒྲིག་བཤེར་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ།ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏུན་ཧེ་ཐའོ་ཡིས་《ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཨུའུ་ལས་ཁུངས་དང་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་མི་སྣའི་ཟབ་སྦྱོང་གནས་གཞི་འཛུགས་པའི་སྐོར་གྱི་བརྡ་སྦྱོར་》སྒྲོག་འདོན་བྱས་ཤིང་། ཞིང་ཆེན་སྒྲིག་ཞིབ་ལྟ་ཨུའུ་རྩ་འཛུགས་པུའུ་པུའུ་ཀྲང་ཧི་ཐེན་ཕིན།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་ཁྲིན་ཐེན་ཞུང་།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུན་ཝེ་སོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།ཀན་ལྷོ་ཁུལ་དང་།འབྲུག་ཆུ་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ།  ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དང་།ཀན་སུའུ་ཞིང་ཆེན་མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ཁང་གི་ལས་བྱེད་མི་སྣ་200ལྷག་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།


      

 

 


      

 

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་མི་སྣ་ཆེད་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དུ་སོང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའམ་ནུབ་མའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་འབྲེལ་འདྲིས་ཟབ་སྦྱོང་འཛིན་གྲྭ་དང་། མི་རིགས་ཁྲིམ
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2018ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།

མཉམ་རོལ།: