rss

ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་མི་སྣ་ཆེད་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དུ་སོང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའམ་ནུབ་མའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་འབྲེལ་འདྲིས་ཟབ་སྦྱོང་འཛིན་གྲྭ་དང་། མི་རིགས་ཁྲིམ


ཉེ་ལམ།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཀྲང་ཧེ་པའོ་ཡིས་མངག་བཅོལ་ལྟར།   ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་མཱ་ཁྲི་དང་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་པུའུ་ཀྲང་སུན་ཝེ་ཡིས་ཞིང་ཆེན་ཁྲིམས་ཁང་གི་སློབ་གསོ་ཁྲུའུ་དང་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་འབྲེལ་ཡོད་མི་སྣ་དག་སྣེ་ཁྲིད་དེ། ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་པ་གཞོན་པ་ཡོས་ཀྲི་ཡོན་འཁོར་དང་བཅས་བ་མཉམ་དུ་སྔ་གཞུག་ལ་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་པུའུ་དང་རྒྱལ་སྤྱིའི་མཉམ་འབྲེལ་ཅུས།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་ལ་ཕྱིན་ནས་ཨེ་ཤེ་ཡ་དབུས་མའམ་ནུབ་མའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་འབྲེལ་འདྲིས་ཟབ་སྦྱོང་འཛིན་གྲྭ་དང་ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་ཀྱི་མི་རིགས་ཁྲིམས་སྐྱོང་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་འཛུགས་གཉེར་ཚོགས་ཆེན།  མི་རིགས་ཁྲིམས་སྐྱོང་རིག་གནས་དང་ཁྲིམས་འཛིན་མཉམ་འབྲེལ་བགྲོ་གླེང་སོགས་ཀྱི་འབྲེལ་ཡོད་བྱ་བའི་སྐོར་སྙན་ཞུ་ཕུལ་བ་རེད།

 ཟླ་༤བའི་ཚེས་༢༠ཉིན། མཱ་ཁྲི་འཁོར་དང་བཅས་བས་ཐེངས་འདིའི་སྙན་ཞུའི་གནས་ཚུལ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཀྲང་ཧེ་པོར་ཆེད་དོན་སྙན་ཞུ་ཕུལ། ཡོན་ཀྲང་ཀྲང་ཧེ་པའོ་ཡིས་སྙན་ཞུ་ལ་ཉན་རྗེས་བཤད་རྒྱུར། ངེས་པར་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བཅས་ཀྱི་བླང་བྱ་ལྟར། གཤམ་གྱི་བྱ་བ་འདི་ག་ནན་གྱིས་སྒྲུབ་དགོས་པ་སྟེ།གཅིག་ནས་ཨེ་ཤེ་ཡ་དབུས་མའམ་ནུབ་མའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་འབྲེལ་འདྲིས་ཟབ་སྦྱོང་གྲྭའི་གྲྭ་སྒྲིག་གི་བྱ་བ་ལེགས་པོ་སྒྲུབ་དགོས་པ།གཉིས་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་ཁྲིམས་འཛིན་ཞིབ་འཇུག་ལྷན་ཚོགས་དང་མི་རིགས་ཁྲིམས་སྐྱོང་རིག་གནས་ཞིབ་འཇུག་ཆེད་ལས་ཨུ་ཡོན་ལྷན་ཁང་འཛུགས་གཉེར་ཚོགས་ཆེན་དང་། མི་རིགས་ཁྲིམས་སྐྱོང་རིག་གནས་དང་ཁྲིམས་འཛིན་མཉམ་འབྲེལ་བགྲོ་གླེང་གི་འབྲེལ་ཡོད་བྱ་བ་ལེགས་པོ་སྒྲུབ་དགོས་པ། གསུམ་ནས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་“  རིགས་རྒྱུད་མཐོང་ཆུང་རྩ་མེད་དུ་གཏོང་བའི་ ” བརྟག་དཔྱད་སྔོན་གྱི་གྲ་སྒྲིག་གི་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་གསུངས་སོ།།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:2018ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭས་སློབ་ཁྲིད་བྱ་འགུལ་སྤེལ་བ།
རྩོམ་ཅོག་མ།:ཀན་སུའུ་ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་སྤེལ།

མཉམ་རོལ།: