rss

2018ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭས་སློབ་ཁྲིད་བྱ་འགུལ་སྤེལ་བ།


ཟླ6པའི་ཚེས18ཉིན།  ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་སྤེལ །   ཚོགས་ཞུགས་སློབ་མ་དག་གིས་བོད་ཡིག་གི་ཤེས་བྱའི་གླུ་གཞས་བསྒྲིགས་པ་དང་།  གླུ་གརའཁྲབ་པ།  སྤྲོ་སེམས་ཆེ་བ་དང་གླུ་སྐད་སིང་སིང་གི་སྒོ་ནས་མེས་རྒྱལ་གྱི་བཀའ་དྲིན་རྗེས་སུ་དྲན་པའི་བསམ་པ་བསྟན་ཡོད། 

ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭས་ཟླ་ངོ་6གི་ཟབ་སྦྱོང་ཁྲོད།  སློབ་སྦྱོང་གི་ཕྱིའི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་སྟེ། བོད་ཡིག་གི་རྨང་གཞི་སློབ་ཁྲིད་དང་། བཅའ་ཁྲིམས་ལག་ལེན་སློབ་ཁྲིད།  རྒྱལ་གཅེས་རིང་ལུགས་ཀྱི་ངེས་ཤེས་སློབ་གསོ་སོགས་གཙོ་གནད་སློབ་ཁྲིད་ལས་གཞན།   སློབ་མའི་ཕྱོགས་ཡོངས་ཀྱི་ནུས་ཤུགས་མཐོར་འདེགས་གཏོང་ཕྱིར་ཆེད་དུ་ཐག་འཐེན་འགྲན་བསྡུར་དང་།  ལན་ཆིའུ་སྤོ་ལོ་འགྲན་བསྡུར།  རི་འཛེག་ལུས་རྩལ།  རིག་རྩལ་དགོང་ཚོགས།  མེ་ཕུང་དགོང་ཚོགས།  ཁྲིམས་རའི་འདྲི་ཞིབ་ཡུལ་དངོས་ལྟ་སྦྱོང་དང་།  སྐད་གཉིས་གཏམ་བཤད་འགྲན་བསྡུར།  གྱོད་དཔེ་དབྱེ་ཞིབ་རྩོད་གླེང་འགྲན་བསྡུར།  ལད་ཟློས་ཁྲིམས་ར་སྦྱངས་བ་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ།

བྱ་འགུལ་འདི་དག་སྤེལ་བ་བརྒྱུད་ནས་སློབ་མའི་རྒྱུན་ལྡན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མ་སྦྱོང་བརྡར་ལ་ཞུགས་པའི་ཚད་ཇེ་མཐོར་བཏང་ཡོད་པ་མ་ཟད། ཐུན་མོང་གི་འདུ་ཤེས་དང་མཉམ་འབྲེལ་གྱི་འདུ་ཤེས་ལ་ཤུགས་སྣོན་བྱས་ཡོད།  རྗེས་ཕྱོགས་ཀྱི་ཟབ་སྦྱོང་ཁྲོད་སློབ་གླིང་གིས་མུ་མཐུད་དུ་སློབ་ཁྲིད་ཀྱི་བྱེད་ཐབས་མི་འདྲ་བ་མང་པོ་སྤྱད་ནས་སྔར་ལས་ལྷག་པར་ཟབ་ཞུགས་སློབ་མའི་ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ལས་ཀའི་ནུས་བ་མཐོར་འདེགས་སུ་གཏོང་རྒྱུ་ཡིན།

སློབ་གླིང་གིས་སློབ་ཁྲིད་བྱ་འགུལ་རིམ་པ་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག       སློབ་ཞོར་གྱི་དུས་ཚོད་ལེགས་པོ་བེད་སྤྱད་ནས་རིག་རྩལ་བྱ་འགུལ་སྣ་ཚོགས་སྤེལ་ཏེ།  ཟབ་སྦྱོང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་།  སློབ་མ་དང་སློབ་མ་བར་དང་ས་གནས་ཁག་ཕན་ཚུན་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་ཟབ་ཞུགས་སློབ་མའི་ཅུང་བཟང་བའི་བཟོ་ལྟའི་ཉམས་འགྱུར་ལེགས་པོ་དེ་ངོམས་ཅི་ཐུབ་བྱ་རྒྱུ་ཡིན།

 

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་དམར་པོའི་དྲན་པ་འཚོལ་བསྙེག་བྱས་ཏེ་གསར་བརྗེའི་སྙིང་སྟོབས་ལ་ཉམས་སུ་མྱོང་བ་ཞེས་པའི་ཏང་གི་བྱ་འགུལ་སྤེལ།
རྩོམ་ཅོག་མ།:ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་མི་སྣ་ཆེད་དུ་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དུ་སོང་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའམ་ནུབ་མའི་རྒྱལ་ཁབ་ཀྱི་ཁྲིམས་དཔོན་འབྲེལ་འདྲིས་ཟབ་སྦྱོང་འཛིན་གྲྭ་དང་། མི་རིགས་ཁྲིམ

མཉམ་རོལ།: