rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་དམར་པོའི་དྲན་པ་འཚོལ་བསྙེག་བྱས་ཏེ་གསར་བརྗེའི་སྙིང་སྟོབས་ལ་ཉམས་སུ་མྱོང་བ་ཞེས་པའི་ཏང་གི་བྱ་འགུལ་སྤེལ།


ང་རང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་རྒྱུ་ཡིན་ཏེ། ཏང་གི་རྩ་དོན་དང་སྒྲིག་སྲོལ་ལ་ནན་སྲུང་བྱས་ནས་ཏང་གི་འོས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཞེས་པའི་དམ་ཚིག་སྒྲོག་འདོན་བྱེད་པའི་འུར་སྒྲ་དེ་ལ་གཟར་གཡུལ་འགྱེད་དྲན་གསོའི་རྡོ་རིང་གི་མཁའ་དབྱིངས་སུ་སིང་སིང་གྲགས།  ཏང་བཙུགས་ནས་ལོ་འཁོར་97ལོན་པར་རྟེན་འབྲེལ་ཞུ་ཆེད།  ཟླ་7པའི་ཚེས་1ཉིན་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུས་སློབ་གླིང་གི་ཏང་ཡོན་ཚང་མ་རྩ་འཛུགས་བྱས་ནས་དམར་པོའི་དྲན་པ་འཚོལ་བསྙེག་བྱས་ཏེ་གསར་བརྗེའི་སྙིང་སྟོབས་ལ་ཉམས་སུ་མྱོང་བ་ཞེས་པའི་ཏང་གི་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་གྱི་ཁྲོད་དྲན་གསོ་ཁང་དང་གཡུལ་འགྱེད་ཤུལ་གནས་ལ་ལྟ་སྐོར་བྱེད་པ་དང་།འགྲེལ་བཤད་ལ་ཉན་པ།བརྙན་གཟུགས་དང་པར་རིས་སོགས་ལ་ལྟ་བའི་ཐབས་ཀྱིས་རླབས་ཆེ་བའི་རྒྱང་སྐྱོད་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་། ལ་གཟར་གཡུལ་འགྱེད་དྲན་གསོའི་རྡོ་རིང་གི་མདུན་ནས་ཏང་གི་དར་ཆ་ལ་ཁ་གཏད་དེ་གཟབ་ནན་སྒོས་ཏང་ཞུགས་དམ་ཚིག་ཡང་བསྐྱར་སྒྲོག་འདོན་བྱས་ཏེ་སེམས་ཀྱི་དག་སྣང་གི་རི་མོ་ལ་ལྷད་མེད་ཀྱི་པ་ཏ་བྲིས་པས། སློབ་གླིང་གི་ཏང་ཡོན་ལས་བྱེད་པ་ཚང་མར་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དྲག་པོ་རེ་སྐྱེས་པ་དང་།རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། བྱ་འགུལ་འདི་བརྒྱུད་དེ་དམར་པོའི་བཤུལ་ལམ་སེམས་ལ་དམ་པོར་བཟུང་ནས་སྤྲོ་སེམས་ཁེངས་པའི་ངང་བྱ་བ་ཐམས་ཅད་ལེགས་པར་བསྒྲུབ་པའི་སློབ་གསོ་བཟང་བོ་ཞིག་ཐོབ་སོང་།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཧེ་པའོ་ཡིས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་ གླིང་དུ་འཚོགས་པའི་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད།
རྩོམ་ཅོག་མ།:2018ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་མཐོར་འདེགས་འཛིན་གྲྭས་སློབ་ཁྲིད་བྱ་འགུལ་སྤེལ་བ།

མཉམ་རོལ།: