rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་སྐབས་གཉིས་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


         སྐབས་གཉིས་པའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཟླ་༤བའི་ཚེས༢༥ཉིན་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།   ཞིིང་ཆེན་ཁྲིམས་ཁང་གི་ སྤྱི་ཁྱབ་རུ་གཙོ་ཐང་གོས་ཅིང་གིས་སྐུལ་སློང་གཏམ་བཤད་གལ་ཆེན་གནང་བ་དང་།  ཉེན་རྟོག་རུ་ཁག་གི་རུ་གཙོ་གཞོན་པ་ལེའོ་ཀྲི་ཡོང་གིས་སློབ་འགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡཱང་ཙོ་ཞིན་གྱིས་ཤིས་ཚིག་ཕུལ།   ཐེངས་འདིའི་ཟབ་སྦྱོང་གི་དུས་ཡུན་ཉིན༡༥ཡིན་ཞིང་།   ཁྲིམས་འཛིན་ཉེན་རྟོག་པ་༡༣༠ལྷག་ཟབ་སྦྱོང་ལ་ཞུགས།

        སྤྱི་ཁྱབ་རུ་གཙོ་ཐང་གོས་ཅིང་གིས་ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྲུན་ཁྲོད་བླངས་བའི་གྲུབ་འབྲས་ལ་གདེང་འཇོག་དང་།  ༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་སྦྱོང་བརྡར་བྱ་བ་ལ་རེ་བ་ནན་མོ་བཞི་བཏོན་ཡོད་པ་སྟེ།  དེང་སྐབས་ཀྱི་སྲིད་ཁྲིམས་ཉེན་རྟོག་པའི་གནས་བབས་དང་འོས་འགན་ལ་ངོས་ཟིན་ཟབ་མོ་ཐེབས་ཤིང་།རྩལ་འཁྲིད་པའི་ཟབ་སྦྱོང་དང་བྱ་འགུལ་འགྲན་བསྡུར་སྣ་མང་སྤེལ་ཏེ་སྲིད་ཁྲིམས་ཉེན་རྟོག་པའི་ཟབ་སྦྱོང་གི་བྱ་བ་ལེགས་པོ་སྒྲུབ་དགོས་བ་དང་གཅིག ཁྲིམས་ཁང་གི་སྲིད་ཁྲིམས་ཉེན་རྟོག་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྲིད་ཁྲིམས་ཉེན་རྟོག་པའི་ཆབ་སྲིད་གཞུང་ལུགས་ཀྱི་སྤུས་ཚད་དང་།ལས་བྱའི་ནུས་རྩལ་།ཁྲིམས་སྤྱོད་ཀྱི་ནུས་བ་བཅས་མཐོེ་འདེགས་སུ་གཏོང་དགོས་དང་གཉིས།ཆ་འཕྲིན་འཛུགས་བསྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་ཉེན་རྟོག་པའི་ཆ་འཕྲིན་བཀོལ་སྤྱོད་ཀྱི་ནུས་ཚད་མཐོར་འདེགས་གཏོང་དགོས་བ་དང་གསུམ། མུ་མཐུད་དུ་“ཆེད་དྲུག་ཁང་བཞིའི”འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་ཁྲིམས་ཉེན་རྟོག་པའི་བདེ་འཇགས་ཁག་ཐེག་གི་ནུས་ཚད་མཐོར་འདེགས་སུ་གཏོང་དགོས་བ་དང་བཞིའོ།

        

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།
རྩོམ་ཅོག་མ།:最后一页

མཉམ་རོལ།: