rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།


 ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཟླ་༤བའི་ཚེས༡༠ཉིན་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།  ཞིང་ཆེན་ཁྲིམས་ཁང་གི་ སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀའོ་ཡོང་ཞིན་གྱིས་སློབ་འགོ་རྩོམ་པའི་ཚོགས་ཐོག་ཏུ་སྐུལ་སློང་གི་གཏམ་བཤད་གནང་བ་དང་།    ཞིིང་ཆེན་ཁྲིམས་ཁང་གི་ སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་རུ་གཙོ་གཞོན་པ་ལེའོ་ཀྲི་ཡོང་གིས་སློབ་འགོ་རྩོམ་པའི་མཛད་སྒོར་མགོ་འཛིན་མཛད།  ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་ཡཱང་ཙོ་ཞིན་གྱིས་ཤིས་ཚིག་ཕུལ།  མཛད་སྒོ་སྟེང་ཞིང་ཆེན་ཁྲིམས་ཁང་གི་སྤྱི་ཁྱབ་ཁྲིམས་འཛིན་ཉེན་རྟོག་རུ་ཁག་གི་རྟོག་ཞིབ་པ་གཞོན་པ་སུང་ཡོང་ཧོང་གིས་རྩལ་འཁྲིད་པའི་ཚབ་བྱས་ནས་གཏམ་བཤད་གནང་བ་དང་།  ལན་གྲུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་ཡན་ལག་རུ་ཁག་གི་ཐད་གཏོགས་རུ་གཙོ་གཞོན་པ་ཞོང་ཅིན་ཅེས་ཟབ་སྦྱོང་སློབ་མའི་ཚབ་བྱས་ཏེ་གཏམ་བཤད་གནང་།  ཞིང་ཆེན་ཁྲིམས་ཁང་གིས་རྩ་འཛུགས་བྱས་པའི་གྲོང་ཁྱེར་དང་ཁུལ་འབྲིང་རིམ་ཁྲིམས་ཁང་།  གཞི་རིམ་མི་དམངས་ཁྲིམས་ཁང་།  ཐད་གཏོགས་ཁྲིམས་ཁང་སོགས་ཀྱི་༢༠༡༨ལོའི་ཁྲིམས་འཛིན་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཁྲིམས་འཛིན་ཉེན་རྟོག་པ་བསྡོམས་པས་མི་༢༧༠འདུས་ཡོད་ལ།  ཟབ་སྦྱོང་ཐེངས་གཉིས་སུ་བགར་ནས་བསྒྲུབ་རྒྱུ་ཡིན་ཏེ།  ཐེངས་རེའི་དུས་ཡུན་ནི་ཉིན་༡༥ཡིན།  

            ཆབ་སྲིད་ཨུ་ཡོན་ཀའོ་ཡོང་ཞིན་གྱིས་ཚོགས་ཐོག་ནས་བསྟན་དོན།     ཐེངས་འདིའི་ཟབ་སྦྱོང་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་《མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ཁྲིམས་འཛིན་ཐོབ་ཐང་རིམ་པའི་རྒྱུགས་གཞི་ལེན་པའི་གནས་སྐབས་ཀྱི་བྱེད་ཐབས་》ལྟར།  ད་ལོའི་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་མི་སྣ་དག་ལ་མ་ལག་ཚང་བའི་སྒོ་ནས་ཟབ་སྦྱོང་བྱེད་པ་ནི་སྔར་ལས་ལྷག་པར་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པའི་ཁྲིམས་ལྟར་བྱ་བ་སྒྲུབ་པའི་འདུ་ཤེས་ཚད་ལྡན་དུ་གཏོང་བ་དང་།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་བྱེད་བའི་ཆེད་སྒྲུབ་པ་ཡིན་ཞེས་བཤད།

            ཁྲིམས་འཛིན་ཉེན་རྟོག་པ་ནི་མི་དམངས་ཁྲིམས་ཁང་གི་དྲག་ཆས་རང་བཞིན་ལྡན་པའི་ཁྲིམས་འཛིན་སྟོབས་ཤུགས་ཤིག་ཡིན་ལ།  དེས་མི་དམངས་ཁྲིམས་ཁང་གི་བྱ་བ་སྣ་ཚོགས་གང་ལེགས་ཀྱིས་སྤེལ་བ་ལ་གཞན་གྱིས་ཚབ་བྱེད་མི་རུང་བའི་ནུས་པ་ཐོན་ཡོད།  ངེས་པར་དུ་རུ་ཁག་འདི་འཛུགས་སྐྲུན་བཟང་པོ་དང་།  དོ་དམ་བཟང་པོ།    བཀོལ་སྤྱོད་བཟང་བོ་བཅས་བྱེད་དགོས།   ཧུར་ཐག་གིས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ།  ཁྲིམས་འཛིན་དྲང་བདེན།   སྒྲིག་ལམ་ནན་མོ་ལྡན་པའི་ཁྲིམས་འཛིན་ཉེན་རྟོག་གི་དཔུང་སྡེ་ཞིག་གསར་འཛུགས་བྱེད་དགོས་ཞེས་གསུངས།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུས་འགོ་ཁྲིད་ཚན་ཁག་གི་ དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་བསྡུས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་སྐབས་གཉིས་པའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

མཉམ་རོལ།: