rss

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུས་འགོ་ཁྲིད་ཚན་ཁག་གི་ དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་བསྡུས།


ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་2017ལོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བའི་གཅིག་གྱུར་བཀོད་སྒྲིག་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཏང་ཨུའི་《2017ལོར་རྩ་འཛུགས་ཀྱི་ཆེད་དོན་འཚོ་བའི་ཚོགས་འདུ་བསྡུ་རྒྱུ་དང་དམངས་གཙོ་སྒོས་ཏང་ཡོན་དཔྱད་གླེང་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར། ཟླ་3པའི་ཚེས་20ཉིན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2017ལོའི་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་བསྡུས། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་མཱ་ཁྲི་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུང་ཝེ། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ལས་ཁུངས་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲུའོ་ཅི་ཧུང་སོགས་ཚོགས་འདུར་ཞུགས་ཏེ་མཛུབ་སྟོན་དང་དཔྱད་འཇོག་གནངས། སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཞའོ་ཀྲིན་གྱིས་ཚོགས་འདུ་ལ་མགོ་འཛིན་མཛད།

   ཐེངས་འདིའི་དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་ལེགས་པོར་སྤེལ་བའི་ཆེད་དུ།  སློབ་གླིང་གི་ཏང་ཨུས་འདི་ལ་མཐོང་ཆེན་ཆེས་ཆེར་གནང་ཞིང་བཀོད་སྒྲིག་གང་ལེགས་མཛད། ཐེངས་འདིའི་ ཚོགས་འདུ་ནི་《2017ལོར་རྩ་འཛུགས་ཀྱི་ཆེད་དོན་འཚོ་བའི་ཚོགས་འདུ་བསྡུ་རྒྱུ་དང་དམངས་གཙོ་སྒོས་ཏང་ཡོན་དཔྱད་གླེང་སྐོར་གྱི་བརྡ་སྦྱོར》གྱི་བླང་བྱ་ལྟར་བསྡུས་པ་ཡིན་ཏེ། གཅིག་ནས་《ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་རྒྱུའི་བྱེད་ཐབས》གཏན་འབེབས་བྱས་པ་དང་།  གཉིས་ནས་གང་ལེགས་སྒོས་སློབ་སྦྱོང་བྱེད་པར་སྐུལ་འདེད་གནང་སྟེ། སློབ་སྦྱོང་བྱེད་པ་དང་ཏང་གཤིས་བློ་སྦྱོང་ཇེ་ཟབ་ཏུ་གཏོང་རྒྱུ། བྱ་བའི་ལས་སྟངས་ལེགས་སྒྱུར་བྱེད་པ་སོགས་ཟུང་འབྲེལ་བྱས་ཤིང་། བསམ་བློ་དང་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་པ་གཉིས་གཅིག་གྱུར་བྱས་ཏེ། “འདུ་ཤེས་བཞི”་དང་“ཡིད་ཆེས་བཞིའི་”བསམ་བློ་སྔར་ལས་ཇེ་བརྟན་དུ་བཏང་། གསུམ་ནས་ཕྱོགས་གང་མང་ནས་བསམ་འཆར་བསྡུ་ལེན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་མི་སྒེར་ལ་ཁ་བརྡ་བྱེད་པ། བསམ་འཆར་བསྡུ་ལེན་གྱི་རེའུ་མིག་བཀྲམ་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཁྱོམ་བསྡོམས་བསམ་འཆར་69བསྡུས། དེ་ལས་འགོ་ཁྲིད་ཚན་ཁག་ལ་བཏོན་པའི་བསམ་འཆར་13དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིར་བཏོན་པའི་བསམ་འཆར་56འདུག  དེ་དག་དུས་ཐོག་ཏུ་ཕྱོགས་བསྡུས་བྱས་ནས་བཟོ་བཅོས་ཅི་ཡང་མེད་པར་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པ་རྣམས་ལ་ཞུས།  བཞི་ནས་《ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུ་གླེང་མོལ་བྱེད་ཐབས》གཏན་འབེབས་བྱས་ཏེ།  ཕྱོགས་མང་བའི་སྒོ་ནས་གླེང་མོལ་བྱེད་པའི་བྱ་འགུལ་སྤེལ་པ་ཡིན།  ཁ་བརྡ་བྱེད་པ་དང་བསམ་བློ་བརྗེ་རེས།  ཕན་ཚུན་རྒྱུན་ལོན།  བསམ་བློ་གཅིག་གྱུར།  བར་འགལ་སེལ་བ།  བློ་སེམས་གཅིག་སྒྲིལ་སོགས་བྱས་ཏེ་ཚང་མ་མཉམ་དུ་ཡར་ཐོན་འགྲོ་བའི་དམིགས་ཡུལ་གྲུབ།  ལྔ་ནས་ཚོགས་འདུའི་བསམ་འཆར་ལ་དམིིགས་ནས།  དོན་དངོས་དང་འབྲེལ་བའི་སྐྱོན་ཞིབ་ཡི་གེ་བྲིས་ནས་དངོས་དོན་དང་མཐུན་ཞིང་གོ་ཆོད་པའི་ལེགས་སྒྱུར་བྱེད་ཐབས་བཏོན་པ་རེད།

     ཚོགས་ཐོག་ཏུ་དམངས་གཙོ་འཚོ་བའི་བརྗོད་གཞི་དམ་དུ་བཟུང་སྟེ།  འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བའི་དགོངས་དོན་དང་ཏང་སྲོལ་ལ་སློབ་སྦྱོང་བྱེད་པ་དང་།  ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་བཏོན་པའི་“སྲོལ་བཞི”སྔར་ལས་ལེགས་སྒྱུར་སྐོར་གྱི་གསུང་བཤད་ལག་བསྟར་མཐའ་འཁྱོལ་དང་བྱ་བ་བྱེད་སྟངས་ལེགས་བཅོས་སྐོར་གྱི་མཛུབ་སྟོན།  ཏང་ཡོན་གྱི་དབང་ཆ་དང་འོས་འགན་གཤིབ་བསྡུར།  བསམ་བློ་དང་བྱ་བའི་དངོས་ཡོད་ལ་འབྲེལ་ཏེ་གནད་དོན་འཚོལ་ཞིབ་སོགས་ལ་སློབ་སྦྱོང་བྱས་ཤིང་། གཙོ་བོ་ཆབ་སྲིད་ཀྱི་བྱེད་ནུས་ཆེ་མིན་དང་།  “འདུ་ཤེས་བཞི་”བརྟན་མིན།   “ཡིད་ཆེས་བཞི་”ཡོད་མེད།  བྱ་བའི་ལས་སྟངས་འགྲིག་མིན། ནུས་པ་འདོན་སྤེལ་བཟང་མིན། རང་ཉིད་ལ་བཏོན་པའི་བླང་བྱ་ནན་མོ་ཡིན་མིན་སོགས་ལ་དམིགས་ཏེ། རང་ལ་སྐྱོན་ཞིབ་དང་ཕན་ཚུན་བར་སྐྱོན་བརྗོད་བྱས་ནས་ལེགས་སྒྱུར་གྱི་བསམ་འཆར་བཏོན་ལ། རང་སྐྱོན་ངོས་ལེན་གྱི་ནུས་བ་ཐོན་ཞིང་།  བསམ་བློ་གཅིག་གྱུར་དང་ཁ་ཕྱོགས་གསལ་སྟོན། སྟོབས་ཤུགས་གཅིག་སྒྲིལ་གྱི་དམིགས་ཡུལ་གྲུབ་པ་རེད།

  ཧྲུའུ་ཅི་ཀྲུའོ་ཅི་ཧུང་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་ལེགས་གྲུབ་ཆེན་པོ་བྱུང་ཡོད། གཅིག་ནི་འགོ་ཁྲིད་ཁག་གིས་མཐོང་ཆེན་གནང་བ་དང་།  གཉིས་ནི་རྣམ་འགྱུར་དྲང་བ། གསུམ་ནི་ཕན་ནུས་གསལ་བོ་ཐོན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞེས་བཤད་ཅིང་།  དེ་མ་ཟད་བསམ་འཆར་བཞི་བཏོན་ཡོད་དེ། གཅིག་ནས་ཆབ་སྲིད་གཞུང་ལུགས་ལ་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ་ཆབ་སྲིད་ཀྱི་ལང་ཕྱོགས་ཇེ་བརྟན་དུ་གཏོང་བ། གཉིས་ནས་ཁྱོན་ཡོངས་ནས་ཏང་སྐྱོང་བའི་བླང་བྱ་ནན་མོས་ལག་བསྟར་བྱེད་རྒྱུ། གསུམ་ནས་ནན་ཏན་གྱིས་བྱ་བའི་ལས་སྟངས་ལེགས་སྒྱུར་བྱེད་དགོས་པ་དང་། བཞི་ནས་གཞུང་ལུགས་གསར་བའི་ཕན་འབྲས་ཀྱིས་སློབ་གླིང་གི་བྱ་བ་ཡོངས་ལ་སྣེ་ཁྲིད་དེ། འབད་བརྩོན་སྒོས་ཟབ་སྦྱོང་དང་སློབ་ཁྲིད་ཞིབ་འཇུག་གི་ཐོན་རྫས་གསར་སྤེལ་བྱས་ནས། ལོ་རྒྱུས་ཀྱི་དུས་སྐབས་གསར་བའི་ཁྲོད་རྒྱལ་ཁ་ཆེན་པོ་ལེན་པར་བརྩོན་དགོས་ཞེས་གསུངས།

 ཀྲུའུ་རིན་སུང་ཝེས་གཏམ་བཤད་ནང་ཐེངས་འདིའི་ཚོགས་འདུ་ལས་བྱུང་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། དམངས་གཙོ་འཚོ་བའི་ཚོགས་འདུའི་སྤུས་ཚད་ཧ་ཅང་མཐོ་བར་བསྟན། ཁོང་གིས་ཏང་ཨུའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རྣམས་ཀྱིས་རང་ཉིད་སྐྱོན་བརྗོད་བྱེད་པ་ནི་དངོས་ཐོག་བདེན་འཚོལ་ཡིན་པ་དང་།  གནད་དོན་འཚོལ་ཞིབ་བྱེད་པ་གནད་ལ་འཁེལ་བ། དམངས་གཙོ་འཚོ་བའི་ཚོགས་འདུའི་བརྗོད་གཞི་དམ་དུ་བཟུང་བ། རང་ཉིད་ཀྱི་བྱ་བ་དང་འཚོ་བ། སློབ་སྦྱོང་བཅས་ཟུང་དུ་འབྲེལ་ནས་གཏིང་ཟབ་སྒོས་སྐྱོན་ཆ་བཙལ་བ་དང་མཉམ་དུ་དེ་དག་ལེགས་སྒྱུར་གྱི་བྱེད་ཐབས་གཏན་ལ་ཕབ་པ་ནི་བསྟོད་འོས་པ་ཞིག་རེད་ཅེས་བཤད། དེ་མ་ཟད་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་སློབ་གླིང་གི་ཏང་ཨུས་གཅིག་ནས་རང་གི་ཆབ་སྲིད་ཀྱི་ལང་ཕྱོགས་ཇེ་བརྟན་དང་།  ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཏང་གི་འཛུགས་སྐྲུན་གཙིགས་སུ་བཟུང་སྟེ་ཟབ་སྦྱོང་གི་ལས་དོན་ལ་སྐུལ་འདེད་བྱེད་པ། གཉིས་ནས་རང་སོའི་དངོས་ཡོད་གནས་ཚུལ་ལ་གཞི་བྱས་ཏེ་ལེགས་སྒྱུར་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གསུམ་ནས་མུ་མཐུད་དུ་བྱ་བའི་ལས་སྟངས་ལེགས་སྒྱུར་བྱས་ཏེ་ཏང་ཡོན་གྱི་ཕུགས་འདུན་དང་དད་མོས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཏང་ཨུའི་རྩ་འཛུགས་ནུས་ཤུགས་དང་འབོད་སྐུལ་བྱེད་ཤུགས།ཆབ་སྲིད་བྱེད་ནུས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་གསུངས།

མཇུག་མཐར་ཡོན་ཀྲང་གཞོན་པ་མཱ་ཁྲིས་གསུང་བཤད་གལ་ཆེན་གནང་བ་དང་།ཁོང་གིས་བཤད་རྒྱུར།ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྤུས་ཚད་མཐོ་ལ་སྔོན་དཔག་གི་དམིགས་ཡུལ་ཐོན་ཡོད་དེ། གཅིག་ནས་འགོ་ཁྲིད་ཚན་ཁག་གིས་མཐོང་ཆེན་ཆེས་ཆེར་གནང་པ་དང་གྲ་སྒྲིག་གི་བྱ་བ་ནན་ཏན་ཡིན་པ། གཉིས་ནས་གནད་དོན་འཚོལ་ཞིབ་དོན་དངོས་དང་མཐུན་ཞིང་གནད་རྩར་ཁེལ་བ། སྐྱོན་བརྗོད་ལྷག་བསམ་དང་གཟུ་བོ་ཡིན་པ།  གསུམ་ནས་ལེགས་སྒྱུར་བྱེད་ཐབས་ནུས་པ་ལྡན་ཞིང་ནན་མོ་ཡིན་པ།  རིག་ལམ་གསལ་ཞིང་ཡངས་པོ་ཡིན་པ། བཞི་ནས་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་རང་དཔེ་གཞན་སྟོན་བྱས་ཏེ་ཚོགས་འདུའི་རྣམ་པ་གཟབ་ནན་དང་མཐུན་ཤ་ལྡན་པ་རེད་ཅེས་གསུངས།

ཁོང་གིས་བསྟན་དོན།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་བཅས་ཀྱིས་ཏང་འཛུགས་བྱ་བ་དང་ཆབ་སྲིད་སློབ་སྦྱོང་ཕྱོགས་ཀྱི་བཀོད་སྒྲིག་ལ་དམིགས་ནས། ཕུགས་འདུན་བརྟན་པོར་བཅངས་ཤིང་འགན་འཁུར་ཐུབ་པ་དང་ཏང་ལ་བློ་དཀར་བ་ཞིག་བྱེད་དགོས། མུ་མཐུད་དུ་ཏང་གི་སྐབས་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཙོ་ཐིག་ཏུ་བཟུང་ནས་ཆབ་སྲིད་གཞུང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱེད་པ།སློབ་སྦྱོང་གི་ཐོབ་འབྲས་ཏེ་བྱ་བ་དང་འཚོ་བའི་ཁྲོད་ནས་དངོས་སུ་མཚོན་དུ་འཇུག་དགོས་པ། དམངས་གཙོ་འཚོ་བའི་ཆེད་དོན་ཚོགས་འདུ་དང་གཞན་བལྟས་རང་སྐྱོན་འཚོལ་བའི་བརྒྱུད་རིམ་ཁྲོད་མངོན་པའི་གནད་དོན་ལ་དམིགས་ཏེ།  ཏང་ཨུའི་འགོ་ཁྲིད་ཚན་ཁག་གིས་གོང་དཔེ་འོག་སྟོན་དང་ཤུགས་ཆེན་པོས་ལེགས་སྒྱུར་བྱ་བ་དངོས་འབེབས་བྱ་དགོས་ཞེས་གསུངས་པ་དང་།  ལྷག་པར་དུ་སློབ་གླིང་གི་འགོ་ཁྲིད་ཚན་ཁག་ལ་སློབ་སྦྱོང་དང་མཐུན་སྒྲིལ། གསར་གཏོད།  འབད་བརྩོན་གྱི་བླང་བྱ་བཏོན་ནས། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་འགོ་འཛུགས་ས་གསར་བ་ཞིག་ཏུ་འཁུམས་ཏེ། བྱ་བ་ལས་སྟངས་ལེགས་སྒྱུར་བྱེད་དགོས་པ་དང་། རྩ་འཛུགས་འཚོ་བའི་ཚོགས་འདུ་ལས་ཐོབ་པའི་གྲུབ་འབྲས་དག་སློབ་གླིང་མཆོང་བརྒལ་གྱིས་འཕེལ་རྒྱས་འགྲོ་བའི་བསམ་པའི་སྒུལ་ཤུགས་དང་བྱེ་བྲག་གི་རིག་ལམ། བྱ་བའི་བྱེད་ཐབས་དང་ཕན་འབྲས་ལ་བསྒྱུར་ནས། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བྱ་བ་ཐམས་ཅད་ཇེ་ལེགས་སུ་གཏོང་དགོས་ཞེས་གསུངས།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་སྡེ་ཁག་སོ་སོའི་འགན་ཁུར་བ་རྣམས་ཚོགས་འདུར་ཞུགས་པ་ཡིན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་བོད་སྐད་གཉིས་ཟབ་སྐྱོང་འཛིན་གྲྭ་འཚོགས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་༢༠༡༨ལོའི་སྲིད་ཁྲིམས་ཉེན་རྟོག་པའི་བསྐོ་ཐང་གནང་བ་དང་འཕར་བའི་ཟབ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས།

མཉམ་རོལ།: