rss

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམ


   ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མི་སྣ་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

ཟླ་༦པའི་ཚེས་༢༨ཉིན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གླིང་ནས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མི་སྣ་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་གཟབ་རྒྱས་ངང་ནས་སྤེལ་བ་དང་།   ཞིང་ཆེན་སྲིད་ཁྲིམས་ལྷན་ཁང་གི་ཨུ་ཡོན་ཧྲུའུ་ཅི་ཚེ་དཔག་སྐྱབས་དང་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་མྰ་ཧྲི་ཀྲུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལྰང་མིན་ཡོན།  ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལོའུ་ཀྲི་ཆིང་། ད་དུང་ཞིང་ཆེན་ཁྲིམས་ཀྱིས་སྐྱོང་བར་སྐུལ་འདེད་བྱེད་པའི་ཞིབ་གྲོས་འཛིན་གྲྭར་ཞུགས་པའི་ཕྱོགས་ཡོངས་འགོ་ཁྲིད་དང་། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མི་སྣ་རྣམས་ཟབ་སྦྱོང་གནས་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཞུགས་པ་དང་།    མཛད་སྒོ་ལ་མྰ་ཧྲི་ཀྲུང་གིས་མདོ་འཛིན་བྱས། མྰ་ཧྲི་ཀྲུང་གིས་བཤད་རྒྱུར་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མི་སྣ་ཟབ་སྦྱོང་གནས་གཞི་འདི་བཙུགས་པ་ནི་ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་གྱིས་བཏོན་པའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་པ་ཡིན་པ་དང་། སྔར་ལ་ས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་སྡེ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མི་སྣ་སྐྱེད་སྲུང་བྱེད་པའི་བགྲོད་ལམ་གཙོ་བོའང་ཡིན་པ་རེད་ཅེས་བཤད།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:རྒྱལ་ཡོངས་མི་རིགས་གྲངས་ཉུང
རྩོམ་ཅོག་མ།:ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་

མཉམ་རོལ།: