rss

ཀན་ལྷོ་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཀྱི་སློབ་སྦྱོང་གྲོས་ཚོགས་དང་འགོ་ཁྲིད་ལས་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་གྱི་ཁྲིམས་དཔོན་སློབ་གླིང་དུ་བསྡུས།


ཟླ་3པའི་ཚེས28ཉིན། ཀན་ལྷོ་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཀྱི་སློབ་སྦྱོང་གྲོས་ཚོགས་དང་འགོ་ཁྲིད་ལས་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་གྱི་ཁྲིམས་དཔོན་སློབ་གླིང་དུ་བསྡུས་ལ། ཀན་སུའུ་ཞིང་ཆེན་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་ཁྲིན་ཐེན་ཞུང་གིས་དབུ་མཛད་གཏམ་བཤད་གནང་།  ཁུལ་མི་དམངས་འཐུས་མི་ཨུ་ཡོན་གྱི་ཀྲུའུ་རིན་ཨན་ཅུན་ལུང་དང་ཁུལ་ཨུའུ་ཧྲུའུ་ཅུ་གཞོན་པ་ཁུལ་དཔོན་ཀྲའོ་ལེན་ཡོན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞེ་ཆིང་། ཀན་སུའུ་ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཡོན་མི་སྣ། སྒྲིག་བཤེར་ཚོགས་པའི་ཚོགས་གཙོ་ཡང་ཡོང་ཧྲུ་སོགས་མཛད་སྒོར་ཞུགས་པ་དང་ཁུལ་ཨུའུ་ཧྲུའུ་ཅུ་གཞོན་པ་ཁུལ་ཁྱབ་བསྒྲགས་ལས་ཁུངས་ཀྱི་འགོ་གཙོ་བཀྲ་ཤིས་འཚོ་ཡིས་མཛད་སྒོར་མདོ་འཛིན་བྱས་སོ།། ཀན་ལྷོའི་ཁུལ་དང་རྫོང་། ཡུལ་ཚོ་སོགས་ནས་ཐོན་པའི་འགོ་ཁྲིད་ལས་བྱེད་པ༡༧༠ལྷག་ཐེངས་འདིའི་ཟབ་སྦྱོང་ལ་ཞུགས་ཡོད།  

ཁྲིན་ཐེན་ཞུང་གིས་དབུ་མཛད་གཏམ་བཤད་གནང་སྐབས་ནན་གྱིས་བཤད་དོན། གྲོས་ཚོགས་གལ་ཆེན་འདི་ཁྲིམས་དཔོན་སློབ་གླིང་ནས་བསྡུས་པས་ཀན་ལྷོ་ཁུལ་གྱིས་སློབ་གླིང་འདིའི་བྱ་བར་དགའ་མོས་དང་ཁེག་ཐེག་ཐོབ་ཡོད་པ་མཚོན་ཐུབ། སློབ་གླིང་ལ་དེ་རིང་གི་འཕེལ་རྒྱས་འདི་ལྟ་བུ་བྱུང་བ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཚོགས་པ་བཅས་ཀྱི་འབད་འབྲས་ཀྱི་མངོན་རྟགས་རེད། དེ་ནི་ཁུལ་དང་རྫོང་གི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་རྟེན་ལ་ཁ་འབྲལ་ཐུབ་མེད་པའི་མི་ཚད། འབྲས་བུ་འདི་ནི་ཀན་ལྷོ་ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་འབད་འབྲས་དང་དེ་རིང་འདིར་འཛོམས་པའི་འགོ་ཁྲིད་ལས་བྱེད་པ་ཚང་མས་བཀའ་དྲིན་ཡང་ཡིན། སློབ་གླིང་འདིས་སྔར་ལས་ལྷག་པའི་སྒོ་ནས་ཀན་ལྷོའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ། ས་ཁུལ་གྱི་འཕེལ་རྒྱས་བཅས་ཀྱི་ཆེད་དུ་ཞབས་ཞུ་དང་ནུས་ཤུགས་འབུལ་དགོས། ཧྲུའུ་ཅུ་ཡེ་དང་ཁུལ་དཔོན་ཀྲའོ་རྣམ་པ་གཉིས་གཙོ་བྱས་པའི་ཀན་ལྷོ་ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་དག་གིས་མུ་མཐུད་དུ་སློབ་གླིང་འདིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་རེ་བ་ཧ་ཅང་ཆེ། མཇུག་མཐར་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ལས་བྱེད་པ་ཡོངས་ནས་ཧྲུའུ་ཅུ་ཡེ་དང་ཁུལ་དཔོན་ཀྲའོ་སོགས་འདིར་བཞུགས་ཀྱི་འགོ་ཁྲིད་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པ་ཡིན།   ཀན་ལྷོ་ཁུལ་གྱིས་ཐེངས་འདིའི་གཞུང་ལུགས་ལྟེ་གནས་ཀྱི་སློབ་སྦྱོང་དང་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་གྲོས་ཚོགས་དྲུག་གི་དགོངས་དོན་ལ་སློབ་སྦྱོང་རྩེ་གཅིག་དང་། སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕེན་གྱི་ཤུགས་འདོན་དགོས་པ་བརྒྱད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཀན་ལྷོ་ས་ཁུལ་ནས་ལག་ལེན་མཐར་ཕྱིན་བྱེད་པའི་བཀོད་སྒྲིག་ཡིན། མ་ཟད་ཀན་ལྷོ་ཁུལ་གྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་སྲིད་ཨུའི་སྲིད་ཇུས་སྣ་ཚོགས་ལ་སྐུལ་འདེད་དང་ལག་ལེན་བྱེད་པའི་གཞི་འཛིན་ས་ཡང་ཡིན། དེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཀྱི་གོ་རྟོགས་དང་ཁུལ་ཨུ་ཡོན་ལྷན་ཁང་ནས་ཏང་ཀྲུང་དབྱང་གི་མཚན་སྙན་རྒྱུན་སྐྱོང་བརྟན་སྲུང་བྱས་པའམ་ཏང་གི་བྱ་བར་གཙིགས་ཆེན་བྱས་པའི་རྣམ་འགྱུར་མཚོན་ལ། ཏང་ཀྲུང་དབྱང་གི་རྩ་དོན་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱས་པ་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་སྲིད་ཨུ་ཡི་སྲིད་ཇུས་རྣམས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བྱེད་ཀྱིན་པ་ཡང་གསལ་བོར་མཚོན།

ཞིབ་བསྡུར་འཛིན་གྲྭས་ཆེད་དོན་གསབ་ཁྲིད་ཀྱི་གཙབ་བསྡུར་དང་ཚོགས་པའི་གྲོས་བསྡུར། བགྲོ་གླེང་སོགས་ཀྱི་ཐབས་ལམ་བརྒྱུད་དེ་དེང་གི་སྤྱི་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་རྩིས་ཆེན་བྱས་ཏེ་སློབ་སྦྱོང་གནང་། ཁུལ་ཨུའུ་ཧྲུའུ་ཅུ་ཡེ་ཁྲེན་ཧེ་དང་ཁུལ་ཨུའུ་ཧྲུའུ་ཅུ་གཞོན་པ་ཁུལ་དཔོན་ཀྲའོ་ལེན་ཡོན། ཁུལ་ཨུའུ་སྲིད་ཁྲིམས་ཧྲུའུ་ཅུ་ཟུང་གྲན་བུན། ཁུལ་སྒྲིག་ཨུའུ་ཧྲུའུ་ཅུ་སོགས་ཀྱིས་ཏང་གི་བརྗོད་དོན་གཞི་རྩར་བཟུང་སྟེ་རྩ་ཁྲིམས་ལྟར་ཁུལ་སྐྱོང་བ་དང་། ཀན་ལྷོའི་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་ལས་བྱེད་གྲོས་མི་རྣམས་ལ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱིས་ཆེད་དོན་གསབ་ཁྲིད་ལ་འཇུག་དགོས་བསྟན། དབུ་མཛད་མཇུག་རྫོགས་རྗེས་ཚོགས་ཞུགས་འགོ་ཁྲིད་ལས་བྱེད་པ་ཡོངས་ཀྱིས་སྐད་རིགས་གཉིས་ཀྱིས་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཀྱི་སྒོ་མོ་ཕྱེ་ཞེས་པའི་ཆེད་དམིགས་བརྙན་ལ་བལྟས།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཐོབ་འཕར་གནང་ཟབ་སྦྱོང་འཛིན་གྲྭ་རང་རེའི་ཁྲིམས་དཔོན་གླིང་དུ་འཚོགས།
རྩོམ་ཅོག་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཐོབ་འཕར་གནང་ཟབ་སྦྱོང་འཛིན་གྲྭ་རང་རེའི་ཁྲིམས་དཔོན་གླིང་དུ་འཚོགས།

མཉམ་རོལ།: