rss

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཐོབ་འཕར་གནང་ཟབ་སྦྱོང་འཛིན་གྲྭ་རང་རེའི་ཁྲིམས་དཔོན་གླིང་དུ་འཚོགས།


 

 2017ལོའི་ཟླ་བ་2བའི་ཚེས་21ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དང་ཁྲིམས་འཛིན་ཉེན་རྟོག་པའི་ཟབ་སྦྱོང་འཛིན་གྲྭ་རང་རེའི་སློབ་གླིང་དུ་སློབ་མགོ་བཙུགས་པ་དང་། ཞིང་ཆེན་ཁྲིམས་དཔོན་གཞོན་པ་མ་ཁྲི་ཡིས་ཚོགས་འདུའི་དགོངས་དོན་ཁྱབ་བསྒྲགས་བྱས་བ་དང་རང་རེའི་སློབ་གླིང་ལ་རེ་བ་ནན་མོ་བཏོན། ད་དུང་ཞིང་ཆེན་ཁྲིམས་འཛིན་ཁང་དང་ཁྲིམས་འཛིན་ཉེན་རྟོག་པའི་ཨུ་ཡོན་ཀོ་ཡོན་ཤུས་སློབ་མགོ་ཚུགས་པའི་མཛད་སྒོ་གཏིང་གི་གཏམ་བཤད་སྤེལ་བ། ཞིང་ཆེན་ཁྲིམས་ཁང་ཁྲིམས་རྟོག་གི་མགོ་བ་ཀྲང་བུན་དྲུང་གིས་མགོ་འཛིན་བྱས་བ་དང་། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་སློབ་དཔྱོད་ཁང་གི་ཀྲུའི་རིན་གཞོན་པ་རྡོ་རྗེ་ཚེ་བརྟན་དང་ལས་བྱེད་ཚང་མ་སློབ་མགོ་བཙུགས་པའི་མཛད་སྒོ་གཏིང་དུ་ཞུགས།

མ་ཁྲི་ཡིས་བཤད་རྒྱུར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་བསྟུན་ནས་སྤྱི་ཚོགས་སྟེང་གི་འགལ་བ་སྣ་ཚོགས་དང་ཉེས་དོན་གྱོད་སྣ་མང་བོ་དེ་ལྟར་ཇེ་མང་དུ་རྙོག་ཟིང་དུ་འགྲོ་གིན་ཡོད་པས། ཞིབ་གཅོད་ལག་བསྟར་གྱི་བྱ་བ་ཡང་གནད་དོན་སྣ་ཚོགས་ལ་འཕྲད་ཅིང་ཁྲིམས་ཁང་ཁྲིམས་དཔོན་ལ་གནོད་པ་བཟོ་བའི་ཉེས་དོན་གྱོད་གཞི་མང་དུ་སོང་ནས། སྤྱི་ཚོགས་བདེ་འཇགས་དང་འཆམ་མཐུན་ལ་གནོད་པའི་སྣང་ཚུལ་མང་དུ་མངོན་པའི་སྐབས་འདིར་ཁྲིམས་འཛིན་ཉེན་རྟོག་པའི་ཕྲག་སྟེང་ལ་འགན་འཁུར་ཆེན་པོ་བབ་ཡོད་པས།སྤྱི་དོན་གཙོ་འཛིན་དང་གཞན་དོན་ཁུར་ལེན་གྱི་ཁྲིམས་འཛིན་ཉེན་རྟོག་རུ་ཁག་ཅིག་འཛུགས་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་དེ་འདྲའི་རུ་ཁག་ཅིག་ཡོད་ཚེ་གྱོན་དོན་གང་ཡང་བདེ་ལེགས་ངང་ཐག་གཅོད་ཐུབ་ངེས་རེད། མ་ཁྲི་ཡིས་ནན་གྱིས་བཤད་རྒྱུར། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཁྲིམས་ཁང་ཏང་རྩ་འཛུགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་དང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དཔུང་སྡེ་ཇེ་བརྟན་དུ་འགྲོ་བའི་ཆེད་དུ་ཡང་ཡིན་པས། མི་དམངས་ཁྲིམས་ཁང་ཁྲིམས་འཛིན་ཉེན་རྟོག་པའི་ཐོབ་ཐང་རིམ་པའི་རྒྱུགས་ཀྱི་སྐབས་བསྟུན་ཐབས་ལམ།ལྟར་འབྲེལ་ཡོད་བྱ་བ་ཚང་མ་ལེགས་པར་སྒྲུབ་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཉེན་རྟོག་པ་རུ་ཁག་འཛུགས་སྐྲུན་ལ་རྨང་གཞི་འཛུགས་དགོས། ཀོ་ཡོན་ཤུས་ཡིས་བཤད་རྒྱུར། ཟབ་སྦྱོང་ལ་ཞུགས་པའི་ཉེན་རྟོག་པ་ཀུན་གྱིས་སེམས་གཏིང་ནས་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ལ་གཙིགས་འཛིན་བྱས་ཏེ་གནས་བབས་གསལ་རྟོག་དང་གོ་སྐབས་དམ་འཛིན། སྒྲིག་ལམ་ནན་སྲུང་གིས་སྦྱོང་སྦྱོང་བཟང་བོ་དང་སྦྱོང་བརྡར་ཡག་པོའི་རང་གི་འཇོན་ནུས་ཇེ་མཐོར་བཏང་ནས་རྒྱུགས་སྐར་ཡག་པོ་ལེན་དགོས་ཟེར། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་བསྡོམས་པའི་མྱི་183ཞུགས་ཡོད་ལ། ཉེན་རྟོག་ཐོབ་རིམ་ཐོབ་ས་དང་ཐོབ་རིམ་འཕར་མཁན་ཚན་ཁག་གཉིས་ཀྱིས་གྲུབ། སྦྱོང་གཙོ་བོ་གཞུང་ལུགས་ཤེས་བྱ་དང་ཉེན་དོན་ནུས་རྩལ་སྦྱོང་བརྡར་གྱི་སྐོར་ཡིན་ལ། དུས་ཡུན་ཉིན་༡༤ཡིན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཀན་ལྷོ་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཀྱི་སློབ་སྦྱོང་གྲོས་ཚོགས་དང་འགོ་ཁྲིད་ལས་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་གྱི་ཁྲིམས་དཔོན་སློབ་གླིང་དུ་བསྡུས།
རྩོམ་ཅོག་མ།:ཀན་ལྷོ་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཀྱི་སློབ་སྦྱོང་གྲོས་ཚོགས་དང་འགོ་ཁྲིད་ལས་བྱེད་པའི་ཞིབ་བསྡུར་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་གྱི་ཁྲིམས་དཔོན་སློབ་གླིང་དུ་བསྡུས།

མཉམ་རོལ།: