rss

ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་མི་སྣའི་སྐད་གཉིས་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་རང་རེའི་སློབ་གླིང་ནས་བསྡུས།


 ཟླ་༣པའི་ཚེས་༢༠ཉིན། ཞིང་ཆེན་ཡོངས་ཀྱི་སྐབས་བདུན་པའི་སྲིད་ཁྲིམས་ཉེན་རྟོག་པའི་སྐད་གཉིས་མཐོར་འདེགས་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནས་བསྡུས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་ཡོན་ཀྲང་གཞོན་པ། ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་ཉེན་རྟོག་པའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭའི་མཐུན་སྦྱོར་འགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་མཱ་ཁྲི་སློབ་འགོ་ཚུགས་པའི་མཛད་སྒོའི་སྟེང་ཕེབས་ཏེ་གསུངས་བཤད་གལ་ཆེན་གནང་། མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི་དང་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་སུན་ཝེ།ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ཁྲུའུ་ཁྲུའུ་ཀྲང་ཏོན་ཀྲོ་ཧྲིན། ཁྲིམས་དཔོན་སློབ་གླིང་གི་སློབ་གཙོ་དབྱང་གཙོ་ཞིན་སོགས་མཛད་སྒོ་ལ་ཞུགས། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་། མཐོ་རིམ་མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ཐཱིན། ཁྲིམས་འཛིན་ཐཱིན་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁྲིམས་དཔོན་སློབ་གླིང་གི་ལས་བྱེད་པ་ཡོངས། ཟབ་སྦྱོང་འཛིན་གྲྭའི་སློབ་མ་བཅས་མི་༡༥༠ལྷག་མཛད་སྒོར་ཞུགས་པ་རེད།

 ཡོན་ཀྲང་མཱ་ཁྲིས་བཤད་རྒྱུར། ༢༠༡༨ལོ་ནི་ཏང་གི་སྐབས་བཅུ་དགུ་བའི་གྲོས་ཚོགས་ཆེན་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པའི་ལོ་ཐོག་མ་ཡིན་ཞིང་།མི་སྟོང་འཆར་གཞི་ལག་བསྟར་དང་སྐད་གཉིས་སྲིད་ཁྲིམས་ཉེན་རྟོག་དཔུང་སྡེ་འཐུས་ཚང་གཏོང་བའི་གལ་ཆེ་བའི་དུས་སྐབས་ཤིག་ཀྱང་ཡིན། ངེས་པར་དུ་མུ་མཐུད་ནས་བཅོས་བསྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་སྐད་གཉིས་ཁྲིམས་ལུགས་མི་སྣའི་དཔུང་སྡེ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་དུས་རབས་གསར་བའི་སྐད་གཉིས་སྲིད་ཁྲིམས་བྱ་བ་གོང་ནས་གོང་དུ་སྤེལ་དགོས་ཞེས་གསུངས།

མཱ་ཁྲིས་བསྟན་དོན།སློབ་མ་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་ལེགས་པོ་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པར་ཁག་ཐེག་དང་ཞབས་ཞུ་ལེགས་པོ་སྒྲུབ་དགོས། ངེས་པར་དུ་མི་རིགས་ཁྲིམས་ལུགས་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་། རང་ཉིད་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ་སྙིགས་དོར་བཅུད་ལེན་དང་བྱེད་ཐབས་གསར་བ་སྤྱང་ནས།ཧུར་བརྩོན་གྱིས་གསར་གཏོད་ཅན་དུ་སྒྱུར་བ་དང་གསར་སྐྲུན་ཅན་དུ་འཕེལ་རྒྱས་ཕྱིན་པར་མངོན་འགྱུར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་བའི་གྲོས་ཚོགས་ཀྱི་བསྟན་དོན་ལྟར་ཡོན་ཏན་བརྒྱད་ལ་ཤུགས་བསྣན་ཏེ་སྲིད་ཁྲིམས་ལས་བྱེད་དཔུང་སྡེ་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། དགེ་སློབ་ཡོངས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་འགན་འཁྲིའི་འདུ་ཤེས་དང་། ཁྱོན་ཡོངས་འདུ་ཤེས། འགན་ཁུར་འདུ་ཤེས་ལ་ཤུགས་སྣོན་བྱས་ཏེ་རང་གི་ལས་གནས་ནས་འབད་བརྩོན་ལྷོད་མེད་བྱེད་ཅིང་། ཁྱོན་ཡོངས་ནས་སྤུས་ཚད་མཐོར་འདེགས་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་མཐུན་སྒྲིལ་དང་གཏན་འཇགས། སྟོབས་འབྱོར་འཕེལ་རྒྱས་ཡོང་བའི་ཐད་ལ་བྱས་རྗེས་འཇོག་དགོས། ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་སྔོན་མའི་ཐེངས་དྲུག་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཤིང་ཟབ་སྦྱོང་སློབ་མའི་བསམ་འཆར་དང་རེ་འདུན་བསྡུ་ལེན་བྱས་བའི་རྨང་གཞིའི་སྟེང་། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་ཁྲིམས་ལས་ཁུངས་དག་གིས་སྲིད་ཁྲིམས་ཉེན་རྟོག་པའི་ཟབ་སྦྱོང་གི་གནས་ཚུལ་ལ་ཞིབ་འཇུག་བརྟག་དཔྱད་བྱས་པ་ལྟར།སྲིད་ཁྲིམས་ཉེན་རྟོག་པའི་སྐད་གཉིས་ཆུ་ཚད་དང་ནུས་པ་སྔར་ལས་མཐོར་འདེགས་ཀྱི་ཆེད་དུ་སྤེལ་བའི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭ་ཞིག་ཡིན།

འབྲེལ་ཡོད་ཐ་སྙད།:

རྩོམ་གོང་མ།:ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཐོབ་འཕར་གནང་ཟབ་སྦྱོང་འཛིན་གྲྭ་རང་རེའི་ཁྲིམས་དཔོན་གླིང་དུ་འཚོགས།
རྩོམ་ཅོག་མ།:最后一页

མཉམ་རོལ།: